འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བརྒྱ་ལ་སླེབས་པའི་ཏང་ཡོན་རྒན་གྲས་ལ་ཏང་གི་སྒྲིག་ཡིག་གསར་པ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན་ནི་ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་ཐན་མོན་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་ལི་ཀོང་ནུང་ལོ་100ལ་སླེབས་པའི་སྐྱེས་སྐར་རེད། ལི་ཀོང་ནུང་ནི་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མི་ཡིན་པ་དང་1942ལོར་ཏང་ནང་ཞུགས་ནས་ཕྱིར་སྡོད་རང་མིའི་རི་འགོག་དམག་འཁྲུག་དང་ཧའེ་ནན་བཅིངས་འགྲོལ་དམག་འཁྲུག་ནང་ཧུར་ཐག་ཞུགས། ལས་བྲལ་དང་ལས་འཁྱུར་ངལ་གསོ་མ་བརྒྱབ་གོང་ལི་ཀོང་ནུང་ནི་ཆུང་ཧའེ་གློག་མཁོ་འདོན་ཅུས་ཀྱི་གློག་ཤུགས་བཟོ་པ་ཞིག་རེད། ཉིན་དེར་ལྷོ་ཕྱོགས་གློག་དྲ་ཧའེ་ནན་ཀུང་སིའི་ལས་ཁུངས་ཀྱི་ཏང་ཡོན་ཧྲུའུ་ཅི་ཁྲེན་ཆུང་ཧྲེང་གིས་ཀུང་སི་དེའི་ཏང་ཡོན་ཁག་གཅིག་གི་སྣེ་འཁྲིད་དེ་ལི་ཀོང་ནུང་གི་ཁྱིམ་དུ་ཡོང་ནས་བགྲེས་སོང་ལ་ཏང་གི་སྒྲིག་ཡིག་གསར་ཤོས་དེ་སྐྱེས་སྐར་གྱི་ལག་རྟགས་སུ་སྤྲད་པ་དང་འབྲེལ་བགྲེས་སོང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ལི་ཀོང་ནུང་གིས་སྒྲོག་འགྲེལ་ཉན་རྗེས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རང་རེའི་ཏང་སྔར་བས་སྟོབས་ཆེར་དང་ང་ཚོའི་རྒྱལ་ཁབ་སྔར་བས་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད་པ་དང་ཁོང་གིས་སྤྲོ་སྣང་ཆེན་པོས་རྒྱལ་སྤྱིའི་གླུ་གཞས་བཏང་སྟེ་ཚང་མས་ཁོང་གི་སྐྱེས་སྐར་ལ་སྨོན་འདུན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།