འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་6136ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན། ཉིན་ཤས་གོང་། ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་《ཀྲུང་གོའི་དང་བླངས་ཞབས་ཞུ་འཕེལ་རྒྱས་ཀྱི་སྙན་ཞུ(2017)》ཡི་རྒྱབ་ཤ་སྔོན་པོའི་དེབ་དང་དེ་བཞིན་《ཀྲུང་གོར་ཁྱིམ་མཚེས་སྐྱོང་རེས་བྱེད་》ཅེས་པའི་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་རེད། རྒྱབ་ཤ་སྔོན་པོའི་དེབ་ཀྱི་སྙན་ཞུ་ལས་གསལ་དོན། 2017ལོའི་ཟླ་6ཚེས་30ཉིན་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་4242ཟིན་ཡོད། གཞན་ཡང་རྒྱལ་ཡོངས་དང་བླངས་ཞབས་ཞུའི་ཆ་འཕྲིན་མ་ལག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་6136ཟིན་གྱི་ཡོད་པ་རེད།
         རྒྱབ་ཤ་སྔོན་པོའི་དེབ་ཏུ་ཁྱབ་བསྒྲགས་བྱས་པའི་2016ལོའི་ཀྲུང་གོའི་དང་བླངས་ཞབས་ཞུའི་འཕེལ་རྒྱས་གནས་ཚུལ་སྙན་ཞུ་དང་ཀྲུང་གོའི་དང་བླངས་ཞབས་ཞུའི་འཕེལ་རྒྱས་ཀྱི་གྲངས་གཞིའི་སྙན་ཞུ་གཞིར་བཟུང་། 2016ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་ཆ་འཕྲིན་མ་ལག་ཏུ་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་3278ཡོད། 2017ལོའི་ཟླ་6ཚེས་30ཉིན་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་4242ཟིན་པ་དང་གསར་དུ་ཐོ་འགོད་བྱས་པའི་དང་བླངས་པ་ཁྲི་965ཟིན་ནས་འཕར་ཚད་29%ཟིན་གྱི་ཡོད། ཐོ་འགོད་བྱས་པའི་དང་བླངས་པས་རྒྱུན་སྡོད་མི་འབོར་གྱི་བསྡུར་ཚད་བཟུང་ཚད་མཐོ་རུ་ངེས་ཅན་ཕྱིན་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་ཚོད་རྩིས་བྱས་ན། 2016ལོར་གཞུང་ཕྱོགས་སུ་དངོས་སུ་ཐོ་བཀོད་པའི་དང་བླངས་པ་དང་ཐོ་འགོད་བྱས་མེད་པའི་དང་བླངས་པ་བསྡོམས་ན་ཁྲི་13480ཟིན་པ་དེས་རྒྱལ་ཡོངས་ཀྱི་མི་འབོར་གྱི་9.75%བཟུང་གི་ཡོད་པ་རེད།
        སྙན་ཞུ་ལས་མངོན་དོན། དང་བླངས་ཞབས་ཞུའི་རྩ་འཛུགས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་ཆབས་ཅིག རྒྱལ་ཡོངས་དང་བླངས་ཞབས་ཞུའི་ཆ་འཕྲིན་མ་ལག་ནས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། 2016ལོའི་ལོ་མཇུག་བར། མ་ལག་དེའི་རིམ་པའི་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་ཚོགས་པ་287516ཟིན་པ་དང་། 2017ལོའི་ཟླ་དྲུག་པར་སླེབས་སྐབས་དང་བླངས་ཞབས་ཞུའི་ཚོགས་པ་342065བར་མང་དུ་ཕྱིན་ཡོད། དང་བླངས་པའི་ཐོབ་ཐང་དབྱེ་སྟངས་ཐོག་ནས་བལྟས་ན། ན་གཞོན་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱི་གྲངས་འབོར་མང་ཤོས་ཡིན་པ་དང་དེས་62.11%བཟུང་བ་དང་། ཏང་ཡོན་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་59.35%བཟུང་ཡོད།
         དེ་དང་ཆབས་ཅིག་དང་བླངས་ཞབས་ཞུའི་དུས་ཚོད་མང་དུ་འགྲོ་བཞིན་ཡོད། 2017ལོའི་ཟླ་6ཚེས་30ཉིན་བར་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་ཆ་འཕྲིན་མ་ལག་ཏུ་ཐོ་འགོད་བྱས་པའི་དང་བླངས་པས་རིམ་རྩིས་བྱས་ན་ཆུ་ཚོད་དུང་ཕྱུར་5.79ཙམ་གྱི་དང་བླངས་ཞབས་འདེགས་ཞུས་ཡོད། མི་རེའི་ཆ་སྙོམས་དང་བླངས་ཞབས་ཞུའི་དུས་ཚོད་ཆུ་ཚོད་13.85ཟིན་གྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་2013ལོར་བཙུགས་པ་དང་། དེ་ནི་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཨུ་ལྷན་གྱི་མཛུབ་ཁྲིད་འོག་དང་དམངས་སྲིད་པུའི་ཆོག་མཆན་ཐོབ་པ་བརྒྱུད་དང་བླངས་ཞབས་ཞུའི་རྩ་འཛུགས་དང་དང་བླངས་པ་ལས་རང་མོས་ངང་གྲུབ་པའི་རྒྱལ་ཡོངས་རང་བཞིན་དང་མཉམ་སྦྲེལ་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།