འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་
    ལུགས་ཀྱི་དགོངས་པ་རིག་གཞུང་ནང་འཇུག་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། སློབ་གསོ་པུའི་ཏང་རྩ་འཛུགས་ཀྱིས་བརྡ་ཐོ་བཀྲམས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རིག་གཞུང་ནང་འཇུག་པ་དང་། རིག་ཚན་ནང་འཇུག་པ། སློབ་ཚན་ནང་འཇུག་པ། གསོ་སྦྱོང་ནང་འཇུག་པ། ཀློག་དེབ་ནང་འཇུག་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སོགས་རིམ་པ་དང་པོའི་རིག་ཚན་ཁྲོད་མཐོ་སློབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ཁ་ཕྱོགས་བཀོད་སྒྲིག་དང་འབྲེལ་ཡོད་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་ཁྱོན་ཡོངས་སུ་ཁྱབ་རྒྱུར་སྐུལ་མ་ཏན་ཏིག་གཏོང་བ་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་དགེ་སློབ་ཚོའི་བསམ་བློར་དྲག་ཆས་སྤྲོས་དགོས་པ་དང་། “པུའུ་དང་ཞིང་ཆེན་རིམ་པའི་སློབ་གྲྭར”ཆེད་དམིགས་གསོ་སྦྱོང་བྱས་ནས་ལས་བྱེད་པ་དང་དགེ་རྒན་ཡོངས་ལ་ཁྱབ་ཐུབ་པ་དང་། “བརྒྱ་སྟོང་ཁྲིའི”སྒྲོག་འགྲེལ་གླེང་མོལ་བྱེད་སྒོ་སྤེལ་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གྲགས་ཅན་རིགས་གཅིག་མཁས་ཅན་བརྒྱ་ཐམ་པ་བདམས་ཏེ་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་འཛུགས་པ་དང་སློབ་སྦྱོང་འཆད་འགྲེལ་གྱི་གཙོ་གནད་རྩོམ་ཡིག་ཆིག་སྟོང་འབྲི་རྒྱུའི་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གི་དཔེ་སྟོན་སློབ་ཚན་ཁྲི་གཅིག་གཏོད་པ། མཐོ་སློབ་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་རྟེན་གཞི་འཛུགས་པ་དང“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིབ་འཇུག”དང“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག”སོགས་འགངས་ཆེའི་གནད་དོན་གྱི་འགག་སྒྲོལ་སྒྲིག་འཛུགས་བཅས་བྱེད་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ“ཕྱོགས་ལྔར་འཇུག་པའི”ལས་དོན་ཏན་ཏིག་སྒྲུབ་དགོས་པ་སྟེ། རིག་གཞུང་ནང་འཇུག་པ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སློབ་གསོའི་དགོངས་པའི་ཆེད་དམིགས་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིག་ཚན་ནང་འཇུག་པ་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སོགས་རིམ་པ་དང་པོའི་རིག་ཚན་ཁྲོད་མཐོ་སློབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ཁ་ཕྱོགས་བཀོད་སྒྲིག་དང་འབྲེལ་ཡོད་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་པ། སློབ་ཚན་ནང་འཇུག་པ་བྱས་ནས་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཀློག་དེབ་》རྩོམ་སྒྲིག་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཀྱི་གཙོ་གནད་སློབ་གཞིར་བརྩིས་ནས་སྤྱོད་དགོས་པ། ཆ་རྐྱེན་ཡོད་པའི་མཐོ་སློབ་ཀྱིས་སློབ་གྲྭ་སྤྱི་ཡོངས་ཀྱི་སློབ་མར་ཕྱོགས་ནས་འབྲེལ་ཡོད་ཀྱི་སྤྱི་པའི་བདམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱ་རྒྱུའི་ལྕག་སྐུལ་གཏོང་བ་དང་། གསོ་སྦྱོང་ནང་འཇུག་པ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སློབ་གསོའི་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་གི་གཙོ་གནད་སློབ་སྦྱོང་ནང་དོན་ནང་འཇོག་པ། ཀློག་དེབ་ནང་འཇུག་པ་བྱས་ནས་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་ཟུར་ཁྲིད་ཀློག་དེབ་》རིགས་དབྱེ་ནས་རྩོམ་སྒྲིག་སྒྲིག་འཛུགས་བྱས་ཏེ་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་དགེ་རྒན་དང་མཐོ་སློབ་ཀྱི་སློབ་མ་མི་རེར་དེབ་རེ་ཡོད་པའི་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་ལས་བཟོའི་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་དམིགས་པ་དང་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་རྒྱུར་དམིགས་ནས་སློབ་གསོའི་ཁྱད་ཆོས་ལྡན་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ཀུན་སྤྱོད་མི་སྐྱོང་གི་གཞི་རྩའི་ལས་འགན་དོན་འཁྱོལ་དང་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྤུས་ཚད་གོང་མཐོར་གཏོང་བའི་འདུ་འགོད་ལག་ལེན་བསྟར་ཏེ་མི་སྣ་ཡོངས་དང་བརྒྱུད་རིམ་ཡོངས་ཕྱོགས་ཡོངས་བཅས་ཀྱི་མི་སྐྱོང་རྣམ་པ་ཞིག་ཆགས་པར་བྱས་ཐོག་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་བ་དང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བ། སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་མགྱོགས་པོ་གཏོང་བ་བཅས་ཀྱི་སྒོ་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་འཚོགས་ཏེ་སྐུལ་སྤེལ་གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ་བཅས་དོན་འཁྱོལ་བྱ་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུའི་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་ནས་《ཀྲུང་གོའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་2030》ཞིབ་བཟོ་ཡོངས་བསྒྲགས་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་པ། 《ཞུང་ཨན་ཁུལ་གསར་གྱི་སློབ་གསོ་འཕེལ་རྒྱས་འཆར་འགོད་》ཞིབ་བཟོ་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ཐོག་གི་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་གཏོང་དང་། 2030ལོར་ཕྱོགས་པའི་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཐབ་ཇུས་ལག་བསྟར་འཆར་གཞི་བཟོ་བ། ལྗང་མདོག་སློབ་གྲྭ་ཧུར་ཐག་བསྐྲུན་པ། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་སློབ་གསོ་དར་རྒྱས་ཤུགས་ཆེན་ཡོང་བ་བྱེད་པ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་སློབ་གསོ་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མཐོ་རྒྱུགས་སྒྱུར་བཅོས་ལ་སྐུལ་མ་བརྟན་པོ་གཏོང་བ། དམངས་བཙུགས་སློབ་གསོ་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་མ་མགྱོགས་པོ་གཏོང་བ། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཁྲིམས་འཛུགས་དང་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། མི་སྐྱོང་བྱ་ཐབས་དང་། སློབ་གཉེར་བྱེད་སྟངས། དོ་དམ་སྒྲིག་གཞི། འགན་ལེན་ལམ་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་བརྒྱུད་རིམ་ལྡན་པའི་སྐུལ་མ་གཏོང་བ། མཐོ་སློབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་གོང་མཐོར་གཏོང་བ་བཅས་བྱེད་དགོས་པ། མི་དམངས་ཀྱི་སློབ་གསོར་དོ་ཁུར་ཧུར་ཐག་བྱས་ཏེ“བུ་བཅོལ་ཁང་དུ་འཛུལ་དཀའ་བ”དང་། “བུ་བཅོལ་ཁང་གི་སློབ་ཡོན་མཐོ་བ”“སློབ་ཆུང་དུ་འགྱུར་བ”སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། “སློབ་གྲྭ་གདམ་ག་བྱེད་པའི་སྣང་ཚུལ་མང་བ”དང“འཛིན་གྲྭ་གཅིག་ལ་སློབ་མའི་མི་གྲངས་མང་བའི”གནད་དོན་ཧུར་ཐག་སེལ་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གྱི་འགག་སྒྲོལ་འཆར་གཞི་ལག་ལེན་བསྟར་འགོ་འཛུགས་པ། དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཁྱབ་གདལ་གཏོང་བ། སློབ་གསོའི་གནད་སྨིན་དབུལ་སྐྱོར་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱེད་དགོས་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏིང་ཟབ་བཏང་ནས་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་ངང་སྤེལ་ནས་མཐོ་སློབ་ཏང་ཨུད་ལས་དོན་གྱི་སྒྲིག་གཞི་དང་ལམ་སྲོལ་དང་སློབ་གླིང་དང་ཚན་ཁག་ཏང་སྲིད་ཀྱི་མཉམ་འབྲེལ་ཚོགས་འདུའི་ལག་བསྟར་ཞིབ་སྲོལ་སོགས་ལམ་ལུགས་ཀྱི་ཡིག་ཆ་ཞིབ་འཇུག་བྱས་ནས་བཟོ་བ་དང་མཐོ་སློབ་དགེ་རྒན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི“གཉིས་སྣེ་ཁྲིད་པའི”གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་ནས་ཀྲུང་དབྱང་གིས་ཐད་ཀར་མཐོ་སློབ་ལ་དོ་དམ་བྱེད་པའི་ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་དོན་འཁྱོལ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།