འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སླར་ཡང་ཁྲལ་བསྡུའི་གཟིགས་སྐྱོང་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ཞིང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། 2018ལོའི་ཟླ་1ཚེས་1ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར་ཟླ་རེའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2ནས་སྒོར་ཁྲི་3བར་ཟིན་པའི་གནས་ཐང་འཕར་ཁྲལ་ཉུང་བའི་ཁྲལ་འཇལ་མཁན་ལ་མུ་མཐུད་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་མིན་པ་རེད། དེ་དང་ཆབས་ཅིག་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་སྔར་བས་ཐག་གཅོད་བྱ་ཆེད། 2017ལོའི་ཟླ་12ཚེས་1ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་དངུལ་རྩའི་སྒྲིག་གཞིས་ཞིང་དུད་དང་། ཁེ་ལས་ཆུང་གྲས། ཁེ་ལས་ཆེས་ཆུང་གྲས་དང་དེ་བཞིན་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་གྲངས་ཉུང་དངུལ་བུན་གཡར་ནས་བྱུང་བའི་སྐྱེད་ཀར་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་མིན་པ་དང་། 2018ལོའི་ཟླ་1ཚེས་1ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་བཞག་པའི་བུན་གཡར་གན་རྒྱར་རིས་སྦྱར་དཔྱ་ཁྲལ་བསྡུ་རྒྱུ་མིན་པ་རེད།
         ད་ཕན་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཟམ་མི་ཆད་པར་བཏོན་ཅིང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2015ལོ་དང་2016ལོར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཟིགས་སྐྱོང་སྲིད་ཇུས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་དུང་ཕྱུར་1000ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།