འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རང་རྒྱལ་གྱི་རྫས་ལུད་སྤྱོད་ཚད་གཏན་ནས་མི་འཕར་
    བའི་དམིགས་ཚད་དུས་བཀག་ནང་མངོན་འགྱུར་ཐུབ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ཞིང་ལས་པུའུ་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲིག་དང་ཀྲུང་གོ་མི་དམངས་སློབ་ཆེན་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་མཉམ་དུ་རྩོམ་སྒྲིག་བྱས་པའི་《ཀྲུང་གོའི་རྫས་ལུད་སྤྱོད་ཚད་ཀྱི་གདེང་འཇོག་སྙན་ཞུ(2000ལོ་ནས་2015ལོ་བར)》དེ་ཀྲུང་གོ་འཕེལ་རྒྱས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་བྱས་ཤིང་། དེ་ནི་རང་རྒྱལ་གྱི་གཞུང་ཕྱོགས་ཞིབ་འཇུག་སྒྲིག་གཞིས་ཁྱབ་བསྒྲགས་བྱས་པའི་རྫས་ལུད་སྤྱོད་ཚད་ཀྱི་གདེང་འཇོག་སྙན་ཞུ་དང་པོ་དེ་ཡིན་པ་རེད།
         སྙན་ཞུའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞིང་ལས་པུའུ་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཅིན་ཧྲུའུ་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 《སྙན་ཞུ་》ཡི་ནང“རྫས་ལུད་སྤྱོད་ཚད”(མུའུ་རེའི་ཞིང་ལས་ཐོན་རྫས་ལ་རྫས་ལུད་སྤྱོད་ཚད)དེ་ཚད་འཇལ་སྟོན་རྟགས་ལ་བརྩིས་པ་དང་། གྲངས་གཞི་ཆ་ཚང་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པའི་ལོ་རེའི་བརྟག་དཔྱད་བྱས་འབྲས་དང་བསྡོམས་རྩིས་དཔྱད་གཞི་ལས་བྱུང་བ་ཞིག་རེད། སྙན་ཞུའི་ནང་རྒྱལ་ཡོངས་ཀྱི་2000ལོ་ནས་2015ལོ་བར་གྱི་ཞིང་ལས་སྐྱེ་དངོས་རིགས་གཙོ་བོ་11གི་རྫས་ལུད་སྤྱོད་ཚད་ལ་འཕེལ་ཕྱོགས་རང་བཞིན་གྱི་དབྱེ་ཞིབ་བྱས་པ་དང་དབྱེ་ཞིབ་འབྲས་བུ་ལས་མངོན་པ་ལྟར་ན། འབྲུ་རིགས་སྐྱེ་དངོས་གཙོ་བོར་རྫས་ལུད་སྤྱོད་ཚད་བརྟན་པོ་བྱུང་ཡོད། སྙན་ཞུའི་ནང་2015ལོར་ཞིང་ཆེན་ཁག་གིས“རྫས་ལུད་སྤྱོད་ཚད་གཏན་ནས་མི་འཕར་བ་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞིར”ཚོད་སྐོར་བྱས་པ་དང་། ཚོད་སྐོར་འབྲས་བུ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་སུ་རྫས་ལུད་སྤྱོད་པའི་སྤྱི་འབོར་འཕར་ཚད་0.4%ཟིན་ནས་1%ནང་ཚུན་དུ་ཚོད་འཛིན་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་གྲུབ་ཡོད། ཞིང་ལས་ཞིབ་འཇུག་ལྟེ་གནས་ཏང་ཙུའི་ཧྲུའུ་ཅི་ཝུའེ་ཆི་ཡིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི“ཞིང་གསུམ”ལས་ཀའི་རྩ་བའི་བླང་བྱ་ཡིན་པ་དང་། སྙན་ཞུ་དེ་བརྒྱུད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫས་ལུད་སྤྱོད་ཚད་གཏན་ནས་མི་འཕར་བ་བྱེད་པའི་དམིགས་ཚད་དུས་བཀག་ནང་མངོན་འགྱུར་ཐུབ་རེ་ཡོད་པ་བརྡར་ཤ་གཅོད་ཐུབ་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།