འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་《བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་ཁྲོད་སྒྲིག་ཁྲིམས་ལས་འགལ་
    བའི་བྱེད་སྤྱོད་ཐག་གཅོད་ཀྱི་གཏན་འབེབས་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། མི་སྤྱི་པུས་《བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་ཁྲོད་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐག་གཅོད་ཀྱི་གཏན་འབེབས་》པར་འགྲེམས་བྱས་ཏེ་བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་ཁྲོད་ཐོན་པའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་དམིགས་ཏེ་གདན་ཞུས་མི་སྣའི་སྒྲིག་ཁྲིམས་ལས་འགལ་བའི་གནས་ཚུལ་དང་ཐག་གཅོད་བྱེད་ཐབས་གཏན་འབེབས་དང་། གདན་ཞུའི་ཚན་པ་དང་གདན་ཞུའི་ལས་དོན་མི་སྣའི་སྒྲིག་ཁྲིམས་ལས་འགལ་བའི་གནས་ཚུལ་དང་ཐག་གཅོད་བྱེད་ཐབས་གཏན་འབེབས། སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཀྱི་ཐག་གཅོད་ཀྱི་གོ་རིམ་བཅས་ཁ་གསལ་བཟོས་པ་རེད། 《གཏན་འབེབས་》བཏོན་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། མི་སྣ་འདེམས་སྤྱོད་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག བྱ་གཞག་ཚན་པས་ཡོངས་བསྒྲགས་ངང་གདན་འདྲེན་ཞུ་བའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་དང་གདན་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་བཅས་རེད།
         《གཏན་འབེབས་》ནང་གདན་ཞུས་མི་སྣ་དང་། གདན་ཞུའི་ཚན་པ། གདན་ཞུའི་ལས་དོན་མི་སྣ་བཅས་ཀྱིས་ཡོངས་བསྒྲགས་གདན་འདྲེན་ཞུ་བའི་སྤྱི་བསྒྲགས་སྤེལ་བ་དང་། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ངོ་རྒྱུགས། བཀོལ་སྤྱོད་ནུས་པའི་ཚོད་ལྟ། གཟུགས་པོའི་བརྟག་དཔྱད། རྟོག་ཞིབ། སྤྱི་བསྒྲགས། སྤྱོད་པ་སོགས་ཚུད་པའི་ལྷུ་ཚིགས་ཁག་ནང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་གཏན་འཁེལ་དང་ཐག་གཅོད་བྱེད་པར་གཏན་འབེབས་འདི་སྤྱོད་ཆོག་གི་ཡོད་པ་ཁ་གསལ་བཏོན་ཡོད།
         《གཏན་འབེབས་》ནང་ཡོངས་བསྒྲགས་གདན་ཞུའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐད། བྱ་གཞག་ཚན་པའི་མི་དོན་ཕྱོགས་བསྡུས་དོ་དམ་སྡེ་ཚན་དང་། བྱ་གཞག་ཚན་པའི་གཙོ་གཉེར་སྡེ་ཚན། གདན་ཞུའི་ཚན་པ་བཅས་ཀྱིས་བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་དོ་དམ་དབང་ཚད་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་པ་དེ་ཐོག་ནས་བྱ་གཞག་ཚན་པའི་མི་དོན་ཕྱོགས་བསྡུས་དོ་དམ་སྡེ་ཚན་གྱི་མཛུབ་ཁྲིད་ལྟ་སྐུལ་དབང་ཆ་དང་། གཙོ་གཉེར་སྡེ་ཚན་གྱི་དོ་དམ་དབང་ཆ། བྱ་གཞག་ཚན་པའི་མི་སྣ་སྤྱོད་པའི་རང་བརྟེན་དབང་ཆ་བཅས་འབྲེལ་མཐུད་བྱས་པའི་རྩ་དོན་མཚོན་ཐུབ་པས་ཡོངས་བསྒྲགས་གདན་ཞུའི་ཁྲོད་རིམ་དབྱེ་རིགས་དབྱེ་དོ་དམ་གྱི་བླང་བྱ་དང་མཐུན་ཡོད་ཅེས་ཁ་གསལ་བཏོན་ཡོད།
         《གཏན་འབེབས་》ནང་གདན་ཞུས་མི་སྣའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐད། གནས་ཚུལ་ལ་གཞིགས་ནས་ད་ཐེངས་ཀྱི་གདན་ཞུས་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། ཐེངས་དེའི་སློབ་ཚན་རྐྱང་པའི་ཡིག་རྒྱུགས་སྐར་གྲངས་རྩིས་མེད་དུ་གཏོང་རྒྱུ། ཐེངས་དེའི་སློབ་ཚན་ཆ་ཚང་གི་ཡིག་རྒྱུགས་སྐར་གྲངས་རྩིས་མེད་དུ་གཏོང་རྒྱུ་སོགས་ཀྱི་ཐག་གཅོད་བྱ་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་དེའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུས་མི་སྣའི་ཡིད་རྟོན་ཡིག་ཚགས་མཛོད་ནང་འཇུག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
         《གཏན་འབེབས་》ནང་གདན་ཞུའི་ཚན་པའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐད། ཐད་ཀའི་འགན་འཁུར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་ལྟར་ཆད་པ་གཅོད་དགོས། ཡོངས་བསྒྲགས་གདན་ཞུའི་ནང་ཞུགས་པའི་ལས་དོན་མི་སྣའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཚབས་ཆེ་ཆུང་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་གྱིས་ཆད་པ་གཅོད་རྒྱུ་མ་ཟད་ལོ་དེ་རང་དང་ལོ་རྗེས་མའི་གདན་ཞུའི་ལས་དོན་ནང་མུ་མཐུད་ཞུགས་མཚམས་འཇོག་དགོས་པའམ་ཡང་ན་གདན་ཞུའི་ལས་གནས་ལས་བསྒྱུར་ཏེ་སླད་ཕྱིན་གདན་ཞུའི་ལས་དོན་ལ་ཞུགས་མི་ཆོག་པ་ཁ་གསལ་བཏོན་ཡོད།
         ད་དུང《གཏན་འབེབས་》ནང་། གདན་ཞུས་མི་སྣའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཐག་གཅོད་གཏན་འབེབས་མ་བཏོན་གོང་། གདན་ཞུས་མི་སྣར་ཐག་གཅོད་ཀྱི་གཏན་འབེབས་བྱ་རྩིས་ཡོད་པ་དང་འབྲེལ་ཡོད་ཀྱི་དོན་དངོས་དང་། རྒྱུ་མཚན། ཁུངས་ལུང་བཅས་ཤོད་དགོས་པ་མ་ཟད། གདན་ཞུས་མི་སྣར་ཁྲིམས་ལྟར་གསལ་བཤད་དང་ཁུངས་སྐྱེལ་དག་འབུད་བྱེད་དབང་ཡོད་པའང་ཤོད་དགོས། ཐག་གཅོད་གཏན་འབེབས་འདོན་མཁན་སྡེ་ཚན་གྱིས་གདན་ཞུས་མི་སྣས་བསྐྱལ་བའི་དོན་དངོས་དང་། རྒྱུ་མཚན། ཁུངས་ལུང་བཅས་ལ་བསྐྱར་ཞིབ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།