འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཤིག་གི་ཚོད་ལྟའི་འཕུར་སྐྱོད་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919རྟགས་ཅན་ཞིབ་འཇུག་གསར་བཟོའི་འཐབ་ས་དང་པོ་ནས་སླར་ཡང་གཏམ་བཟང་ཁྱབ་ཡོང་བ་སྟེ། ཟླ་11ཚེས་3ཉིན་གྱི་སྔ་དྲོར་C919རྟགས་ཅན་གྱི་གནམ་གྲུ་ཨང་རྟགས་101ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་མཁའ་དབྱིངས་སུ་ཐེངས་གསུམ་པ་འཕུར་ནས་ཆུ་ཚོད་3དང་སྐར་མ་48རྗེས་གནམ་ཐང་དུ་ཚུར་ལོག་བྱས་ཏེ་ཐོག་མའི་ཞིབ་བཤེར་གྱི་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་རེད། ད་ཐེངས་ཀྱི་གནམ་གྲུ་ཨང་རྟགས་101ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་གཙོ་བོ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ཚོད་ལྟའི་ངང་འཕུར་སྐྱོད་བྱས་ནས་ལྡིང་སྐོར་ལན་མང་བརྒྱབ་པ་དང་མཐོ་ཚད་མཐོ་ཤོས་སྨི་3000འཕུར་ཞིང་། ཟླ་11ཚེས་2ཉིན་གྱི་དགོང་མོ་གནམ་གྲུ་C919རྟགས་ཅན་གྱི་གནམ་གྲུ་ཨང་རྟགས་102ཀྱི་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྤར་ཐུབ་པ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།