འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"ཕ་ཡུལ་ཡུལ་སྨད་དང་། རྒྱལ་ཁབ་ཀྲུང་གོ"ཞེས་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཤང་ཡུལ་
    སྨད་དུ་ཡང་བསྐྱར་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ཕ་ཡུལ་ཡུལ་སྨད་དང་། རྒྱལ་ཁབ་ཀྲུང་གོ'ཞེས་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཤང་ཡུལ་
སྨད་དུ་ཡང་བསྐྱར་བཅར་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན་ཡུལ་སྨད་དུ་ཉི་འོད་རབ་ཏུ་བཀྲ། འདི་ནི་ཉིན་འགའ་ཤས་རིང་མཐོང་བར་དཀོན་པའི་གནམ་དྭངས་བའི་ཉིན་མོ་ཞིག་རེད། 
         སྒྲོལ་དཀར་དང་གཡང་འཛོམས་བུ་མོ་རྒན་གཞོན་གཉིས་ཀྱིས་ཞོགས་པ་སྔ་མོ་ནས་དུས་ཆེན་གྱི་གཟབ་འཆོར་སྤྲས་ཏེ་ཁྱིམ་དུ་སྒུག་ནས་བསྡད་ཡོད་པ་རེད།   
         ཉིན་འགའི་སྔོན་ལ། སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ད་ལྟའི་འཚོ་བ་བཟང་པོར་རོལ་ཐུབ་པའི་བཀའ་དྲིན་དྲན་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་ཕུལ་བ་རེད། ཁོང་གཉིས་དགའ་འོས་པ་ཞིག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཤིན་ཏུ་ཆེ་ནའང་ཁོང་གཉིས་ལ་འཕྲིན་ལན་བསྐུར་གནང་ཡོད་པ་རེད། 
         སྔ་དྲོའི་ཆུ་ཚོད་11ཡོལ་ཙམ་ལ། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་གཡང་འཛོམས་ཀྱི་ཁྱིམ་དུ་ཕེབས་ནས། ཁོང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་ནང་དོན་བརྒྱུད་བསྒྲགས་བྱས་པ་དང་། གཡང་འཛོམས་ཀྱི་ཁང་པའི་བར་འཁྱམས་ཆུང་ཆུང་དེའི་ནང་དུ་མི་ཡིས་ཁེངས་ནས་འཚང་ཁ་ཤིག་ཤིག་ཏུ་གྱུར་པ་རེད།
         བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་ནི་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན་པ་དང་། ཤང་ཡོངས་སུ་དུད་ཚང་9དང་མི་གྲངས་32ཡོད་པ་དང་། ཞིང་འབྲོག་ཏང་ཡོན་མི་སྣ་9ཡོད་པ་རེད། གོང་གི་པར་རིས་ནི་ནི་སྒྲོལ་དཀར་དང་གཡང་འཛོམས་གཉིས་དང་ཡུལ་སྨད་ཤང་གི་ལས་བྱེད་པ་ཚོ་མཉམ་དུ་བླངས་པའི་འདྲ་པར་རེད། 
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།'ཕ་ཡུལ་ཡུལ་སྨད་དང་། རྒྱལ་ཁབ་ཀྲུང་གོ'ཞེས་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཤང་ཡུལ་
སྨད་དུ་ཡང་བསྐྱར་བཅར་འདྲི་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།