འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་དང་ཀྲུང་གོའི་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་མ་གནང་གོང་ཨ་རི་དང་ཀྲུང་གོ་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་ཁྲར་སི་·ཕུའུ་སི་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དམིགས་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཉེ་བའི་ལོ་ཤས་རིང་གོང་འཕེལ་ཡག་པོ་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དེས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ཅེས་བརྗོད།
         ཕུའུ་སི་ཐེས་ཉིན་ཤས་གོང་ཤིའུ་སི་ཏུན་གྲོང་ཁྱེར་ལྟེ་གནས་སུ་གནས་པའི་གཞུང་ལས་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དམིགས་བཅར་འདྲི་དང་ལེན་བྱས་པ་རེད། ཁོང་གིས་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་འཛམ་གླིང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་འགངས་ཆེ་ཤོས་དེ་ཡིན་ཞིང་། “ཨ་རིའི་ཙུང་ཐུང་སུ་ཞིག་ཕོ་བྲང་དཀར་པོར་ནང་སྤོས་ཚེ་དེས་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་སྲིད་ལ་ཙུང་ཐུང་ཚང་མས་ཀྱང་དེར་ངེས་པར་དུ་མཐོང་ཆེན་པོ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་ཡོང་བར་ཤུགས་སྣོན་རྒྱག་སྲིད”ཅེས་བརྗོད།
         ཕུའུ་སི་ཐེས་ལོ་40ཙམ་རིང་གི་འཕེལ་རྒྱས་བརྒྱུད་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་གོ་དོན་དེ་བས་རྒྱ་ཁྱབ་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་པོར་གྱུར་པ་མ་ཟད། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་སྤེལ་རེས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་བརྟན་པོ་བྱུང་ཡོད། “མདུན་སྐྱོད་ཀྱི་ལམ་དུ་རྒྱལ་ཁབ་གཉིས་པོའི་དབར་གཡོལ་ཐབས་བྲལ་བའི་འགལ་ཟླ་ཁག་གཅིག་ཐོན་སྲིད། འོན་ཀྱང་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཡིན་པར་བསམ་གཞིག་བྱས་ཚེ་ཕྱོགས་གཉིས་པོས་མཐར་ཕན་འབྲས་ཐོན་པའི་བྱ་ཐབས་འཚོལ་ཞིབ་ཐུབ་ནས་འགལ་ཟླ་སེལ་ཐུབ”ཅེས་བརྗོད།
          ཕུའུ་སི་ཐེས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བཟུང་ཀྲུང་གོ་དང་འབྲེལ་བ་བྱས་པ་དང་1979ལོར་ཀྲུང་གོར་འཚམས་འདྲི་བྱེད་མྱོང་ཡོད། ལོ་དེའི་ལོ་སྟོད་དུ་ཀྲུང་གོའི་འགོ་ཁྲིད་མི་སྣ་ཏེང་ཞའོ་ཕིང་ཨ་རིར་འཚམས་འདྲིར་ཕེབས་ཏེ་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཝ་ཧྲིང་ཐོན་དུ་འཚམས་འདྲི་གནང་རྗེས་ཏེང་ཞའོ་ཕིང་ལྷོ་ཕྱོགས་སུ་གནས་པའི་ཏེ་ཁེ་ས་སི་ཀྲོའུ་ཤིའུ་སི་ཏུན་གྲོང་ཁྱེར་དུ་ཕེབས་ནས་ཉེ་འགྲམ་གྱི་གྲོང་རྡལ་ཆུང་ངུར་རྟ་རྩལ་འགྲན་བསྡུར་ལ་གཟིགས་སྐབས་བུད་མེད་རྟ་པ་གཅིག་གིས་ཕུལ་བའི་ཞྭ་མོ་དགའ་སྤྲོའི་ངང་དང་ལེན་གནང་ནས་དབུ་ལ་བཞེས་ཡོད། ཨ་རི་ཕྱོགས་ཀྱི་སྣེ་ལེན་ཚོགས་ཆུང་གི་ཁོངས་མིའི་གྲས་ཤིག་ཡིན་པའི་ཕུའུ་སི་ཐེས་གནས་ཚུལ་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་ཏེ“ཁོང་གིས་དབུ་ཞྭ་བཞེས་པའི་མཚམས་འདིར་ང་ཚོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དུས་དེ་ནས་བཟུང་འགྱུར་ལྡོག་ཡོང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བྱུང”ཞེས་བརྗོད།
         ཕུའུ་སི་ཐེར་ཀྲུང་གོའི་འགོ་ཁྲིད་མི་རབས་འགས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་མ་གཏོང་བའི་ཐད་འབད་བརྩོན་གནང་བར་བག་ཆགས་གཏིང་ཟབ་བྱུང་ཡོད། ཁོང་གིས་འགོ་ཁྲིད་ཀྱི་རིམ་པ་ནས་རྒྱུན་ཆད་མེད་པར་གསར་གཏོད་དང་འབད་བརྩོན་བྱས་པས་ཀྲུང་གོའི་དཔལ་འབྱོར་ལ་གཞི་ནས་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་བྱུང་ཡོད་ཅེས་བརྗོད། ཁོང་གིས་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་ཆོག གང་ཡིན་ཟེར་ན“བརྟན་ལྷིང་སྟོབས་ལྡན་གྱི་ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་པའི”ངོས་འཛིན་བྱེད་ཀྱི་ཡོད།
         ཕུའུ་སི་ཐེས་ད་དུང་ཨ་རི་དང་ཀྲུང་གོའི་དབར་སློབ་གསོའི་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གསོན་ཤུགས་གསར་པ་བསྣན་ཡོད། “ཀྲུང་གོའི་ཕྱི་སྦྱོང་སློབ་མ་མང་པོ་ཨ་རིའི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་རང་ཉིད་ཀྱི་རྒྱལ་ཁབ་ཏུ་ལོག་རྗེས་ཀྲུང་གོར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡོད། ཕྱི་སྦྱོང་སློབ་མ་ཁག་གཅིག་མུ་མཐུད་ཨ་རིར་སྡོད་པའི་གདམ་ག་བྱས་ཏེ་ཨ་རི་དང་ཀྲུང་གོའི་ཚོང་དོན་དང་མ་འཇོག་ཐད་སྦྲེལ་ཟམ་འཛུགས་ཀྱི་ཡོད”ཅེས་བརྗོད། ཁོང་གིས་ཨ་རིར་ཡོད་པའི་ཀྲུང་གོའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ཚོགས་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད་ལ་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གྱི་སྦྲེལ་ཐག་ཏུ་རིམ་བཞིན་གྱུར་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།