འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། མིག་སྔར་ཏང་ཡོངས་དང་རྒྱལ་ཡོངས་སུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པས། དཔེ་སྐྲུན་ཚན་པས་སྤུས་ཚད་མཐོ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་ཁག་གཅིག་འགྲེམས་སྤེལ་བྱས་པ་རེད། ཉིན་ཤས་བསྟུད་མར། ས་གནས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་ཡོད་ཅིང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་11ཚེས་5ཉིན་བར་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སྐོར་གྱི་དེབ་རྐྱང་མ་སོགས་ཡིག་ཆ་དྲུག་དང་དེ་བཞིན་ཟུར་ཁྲིད་ཀློག་དེབ་ཁྲི་4656ལྷག་འགྲེམས་སྤེལ་བྱས་ཡོད་པ་རེད།
         ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་ཆེས་སྤྱིར་བཏང་མིན་པའི་ལོ་ལྔར་ཕྱོགས་ཡོངས་ནས་ཕྱིར་མིག་ལྟ་བ་དང་ལོ་ལྔའི་རིང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་བཅས་མངོན་པར་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་ཐུབ་ཆེད། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་མི་དམངས་དཔེ་སྐྲུན་ཁང་གིས་སློབ་སྦྱོང་དཔེ་སྐྲུན་ཁང་དང་། བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་། ཀྲུང་གོའི་ཧྥང་ཀྲེང་དཔེ་སྐྲུན་ཁང་། ཤིན་ཧྭ་དཔེ་སྐྲུན་ཁང་བཅས་དང་མཉམ་དུ་《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》ཞེས་སོགས་བརྙན་འཕྲིན་གྱི་ཆེད་དོན་མུ་འབྲེལ་པར་གཞིའི་བརྙན་ལམ་དང་བཅས་པའི་རིམ་སྤེལ་དཔེ་དེབ་གཙོ་བོ་བདུན་དཔེ་སྐྲུན་བྱས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི་དང་། བཅིངས་འགྲོལ་དམག་སྒྲ་བརྙན་དཔེ་སྐྲུན་ཁང་། ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་བཅས་ཀྱིས་ཀྱང་དེ་འབྲེལ་གྱི་སྒྲ་བརྙན་ཐོན་རྫས་སོ་སོར་དཔེ་སྐྲུན་བྱས་པ་རེད།
         ད་རེས་དཔེ་སྐྲུན་བྱས་པའི་རིམ་སྤེལ་དཔེ་དེབ་ནང་།《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》དང་། 《ཁྲིམས་སྐྱོང་གི་ཀྲུང་གོ་》 《འོད་སྟོང་འཕྲོ་བའི་ཀྲུང་གོ་》 《ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་》 《རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་》 《སྐོར་གཟིགས་ཀྱི་སྤུ་གྲི་》 《དམག་དཔུང་སྟོབས་ཆེར་གཏོང་བ་》བཅས་ཆེད་དོན་པར་གཞིའི་དེབ་གཙོ་བོ་བདུན་ཚུད་པ་དེ་དག་ཚང་མ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ལོ་ལྔའི་རིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རླབས་ཆེན་ལག་ལེན་ལ་དམིགས་ནས་ཐབས་ཇུས་ཀྱི་འདུ་ཤེས་དང་རྩེ་རིམ་ཇུས་བཀོད་གལ་ཆེན་གྲ་སྒྲིག་བྱས་ནས་བཏོན་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ནང་དོན་ཟབ་མོ། ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་བ་བཅས་ཀྱི་བརྒྱུད་རིམ་བསྟན་ཡོད་པ་ལས། ཏང་ཀྲུང་དབྱང་གི་སྔ་འཛིན་ཕྱི་གཏོད་དང་ཕུགས་འདུན་དོན་གཉེར་ངང་མདུན་སྐྱོད་བྱེད་པའི་བློ་སྟོབས་དང་། འགན་འཁྲི་འཁུར་ཕོད་པ། བློ་གྲོས་བཅས་གང་ལེགས་མངོན་ཏེ། ཁྱབ་ཁོངས་མི་འདྲ་བའི་ནང་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་བྱེད་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུ་ཕྱོགས་ཡོངས་མཚོན་པར་བྱས་ནས། ལོ་ལྔའི་རིང་འཛམ་གླིང་ལ་སེམས་འགུལ་ཐེབས་པ་དང་མི་སེམས་གཡོ་བར་བྱེད་པའི་ཀྲུང་གོའི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་བརྗོད་ཡོད། རིམ་སྤེལ་དཔེ་དེབ་དེ་དག་ནང་མིང་གཅིག་པའི་བརྙན་འཕྲིན་པར་གཞིའི་འགྲེལ་བཤད་བཅུག་ཡོད་པ་དང་རྩ་གཉིས་ཨང་རྟགས་ཀྱང་བཀོད་ཡོད་པས་ཀློག་པ་པོས་ལྟ་ཞོར་དུ་ལག་ཐོགས་ཁ་པར་གྱིས་ཨང་རྟགས་བཤར་འབེབས་བྱས་ཚེ་ཆེད་དོན་པར་གཞིའི་བརྙན་ལམ་ལྟ་ཐུབ་ཀྱི་ཡོད། མིང་གཅིག་པའི་ཆེད་དོན་པར་གཞིའི་བརྙན་ལམ་བསྟན་པ་ནས་བཟུང་། རྒྱ་ཆེའི་ལྟད་མོ་བའི་དགའ་བསུ་ཐོབ་ནས་དེ་ཉིད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་རེད།
         གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་དཔེ་སྐྲུན་དོ་དམ་སིའི་སི་ཀྲང་གཞོན་པ་ཞུས་ཀྲེང་མིང་གིས་ཆེད་དོན་པར་གཞིའི་སྒྲ་བརྙན་ཐོན་རྫས་དང་དཔེ་དེབ་གཙོ་བོ་བདུན་པོ་གོ་བདེ་ཤེས་སླ་ལ་ཡིད་དབང་འཕྲོག་པ་ཞིག་ཡོད་ཅེས་དང་། ཁོང་གིས་ཆེད་དོན་པར་གཞི་འདི་དག་གིས་གཏམ་རྒྱུད་དང་། ཀྲུང་གོའི་གཏམ་རྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་བཅས་རེ་རེ་བཞིན་བརྗོད་ནས། ཀྲུང་གོ་གུང་ཁྲན་ཏང་གིས་འདི་ལྟར་འགྲུབ་ཐུབ་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་འདི་ལྟར་འགྲུབ་ཐུབ་དོན་ཅི་ཡིན་པ་བསྟན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་། བློ་ཐག་ཆོད་པོས་སྒྱུར་བཅོས་བྱེད་ལུགས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཇི་ལྟར་འཚོལ་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འགོ་ཁྲིད་ནས་འཛམ་གླིང་གི་གར་སྟེགས་དབུས་སུ་ཇི་འདྲ་བྱས་ནས་བསྐྱོད་པ་སོགས་བརྗོད་ཡོད། ཡང་སྒོས་སུ་དེབ་ནང་རྩ་གཉིས་ཨང་རྟགས་གསར་གཏོད་ལྡན་པའི་ངང་བཀོད་ཡོད་པས། ཀློག་པ་པོས་ལག་ཐོགས་ཁ་པར་ཐོག་ནས་དེ་འབྲེལ་གྱི་སྒྲ་གཟུགས་བརྙན་ལམ་གྱི་ནང་དོན་ལྟ་ཉན་ཐུབ་སྟེ་ཀློག་པ་པོར་སློབ་སྦྱོང་གོ་རིམ་ལྡན་པ་དང་། ཡང་ཡང་བྱེད་པ། གཏིང་ཟབ་བྱ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།