འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་དུ་ཞིང་ཆེན་ནས་བསྒྲལ་ཏེ་ཡུལ་གཞན་དུ་སྨན་བཅོས་དང་ཞིང་ཆེན་ནང་ཁུལ་
    གྱི་ཡུལ་གཞན་དུ་སྨན་བཅོས་ཀྱི་འགྲོ་གྲོན་ཐད་ཀར་རྩིས་ཞུ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་ལྷོ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཧྲན་ཏུང་ཡན་ཐའེ་གྲོང་ཁྱེར་དུ་སྡོད་པའི་ཐེ་བོ་རྫོང་ནགས་ལས་ཅུས་ཀྱི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བཟོ་སྐུ་ཞབས་ཀྲང་ལགས་ཀྱིས་ཡན་ཐའེ་ཧྲན་སྨན་ཁང་དུ་ཞིང་ཆེན་ནས་བསྒྲལ་ཏེ་ཡུལ་གཞན་དུ་ཞག་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་རྩིས་ཞུ་ཐུབ་ཡོད་པ་དང་། ཅོ་ནེ་རྫོང་ཞིབ་དཔྱོད་ཁང་གི་ལས་གནས་ཐོག་ཡོད་མུས་ཀྱི་ལས་བཟོ་སྐུ་ཞབས་ཧྥང་ལགས་ཀྱིས་གཱ་ཁྱེར་ནས་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པར་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་རྩིས་ཞུ་ཐུབ་ཡོད་པ་རེད། འདི་གཉིས་ཀྱི་ཐོག་ནས་ཀན་ལྷོ་ཁུལ་དུ་ཞིང་ཆེན་ནས་བསྒྲལ་ཏེ་ཡུལ་གཞན་སྨན་བཅོས་དང་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་ཀྱི་འགྲོ་གྲོན་ཐད་ཀར་རྩིས་ཞུ་ཐུབ་པ་མཚོན་ཡོད་པ་རེད།
         ཀན་ལྷོ་ཁུལ་ལ་ས་ཁོངས་ཁོར་ཡུག་དང་སྨན་བཅོས་ཆ་རྐྱེན་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་སྟབས། ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་བྱ་རྒྱུ་དེ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་པོ་ཞིག་ཏུ་གྱུར་པ་དང་། དེ་དང་ཆབས་ཅིག ཀྲོའུ་ཕྱིར་གཏན་སྡོད་བྱེད་མཁན་མང་པོ་ཡོད་པས། ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ཡང་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་པ་རེད། ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུའི་ལས་དོན་སྤེལ་བ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་ཞུགས་མཁན་ནད་པ་ཚོའི“ཡར་རྒྱུག་མར་རྒྱུག་བྱེད་དགོས་པ་དང་། སྔོན་ལ་རང་གིས་དངུལ་གཏོང་དགོས་པ། རྩིས་རྒྱག་དུས་ཡུན་རིང་བ”སོགས་ཀྱི་དེ་སྔའི་གནད་དོན་ཐག་གཅོད་བྱུང་ཡོད་པ་དང་། མིག་སྔར་ཁྱོན་ཀན་ལྷོ་ཀྲོའུ་ཡི་མི་15630ཡིས་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྟེགས་དང་ཞིང་ཆེན་རིམ་པའི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྟེགས་ལ་ཐོ་འགོད་སྙན་སེང་ཞུས་ཡོད་པ་རེད།
         དེ་དང་ཆབས་ཅིག མིག་སྔར་ཀན་ལྷོ་ཁུལ་གཡི་ཁུལ་མི་དམངས་སྨན་ཁང་དང་བསང་ཆུ་རྫོང་མི་དམངས་སྨན་ཁང་སོགས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་32རྒྱལ་ཁབ་ཀྱི་ཞིང་ཆེན་ནས་བསྒྲལ་ཏེ་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་ལས་སྟེགས་དང་སྦྲེལ་ཡོད་པས། ཡུལ་གཞན་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ནད་པས་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ཏེ་ཀན་ལྷོ་ཁུལ་དུ་ཡུལ་གཞན་དུ་སྨན་བཅོས་དང་ཡུལ་གཞན་དུ་རྩིས་ཞུ་བྱེད་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།