འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་
    ལྷ་ས་གྲོང་ཁྱེར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་
ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཏེ"སྤྲོ་སེམས་འཁོལ་བས་ཚོགས་ཆེན་བཅུ་དགུ་པ་བསུ། དཀར་ཞིང་གཙང་བའི་ཁ་བཏགས་པེ་ཅིང་ལ་འབུལ"ཞེས་པ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད།
         ད་ལོའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ལོ་འདི་ལ། བོད་རིགས་གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་ལགས་ཀྱང་རང་ལོ་80ལ་ཕེབས་པ་རེད། ཚེ་བརྟན་སྒྲོལ་མ་ལགས་ལ་གཟི་བརྗིད་ལྡན་པའི་ངང་ནས་རྒྱལ་ཡོངས་ཀྱི་སྐབས་དང་པོའི"གསེར་གྱི་གཞས་སྡེར"ཞེས་པའི་བྱ་དགའ་ཐོབ་མྱོང་ལ། གླུ་གཞས་《གླུ་ཞིག་བླངས་ནས་ཏང་ལ་ཕུལ་》ཞེས་པ་དང་《པེ་ཅིང་གསེར་གྱི་རི་ལ་》ཞེས་པ། 《མ་ཡུམ་གཅིག་གི་བུ་མོ་》ཞེས་པ་སོགས་ཚང་མ་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ལེན་པ་དང་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་གླུ་གཞས་རྩེ་གྲ་རུ་གྱུར་པ་རེད།
         "སྤྲོ་སེམས་འཕེལ་བས་ཚོགས་ཆེན་བཅུ་དགུ་པ་བསུ། དཀར་ཞིང་གཙང་བའི་ཁ་བཏགས་པེ་ཅིང་ལ་འབུལ"ཞེས་པའི་རིག་རྩལ་འཁྲབ་སྟོན་གྱིས"རྫོགས་ལྡན་བསྟོད་གླུ"ཞེས་པའི་ཞབས་བྲོས་འགོ་འཛུགས་ཤིང་། འཁྲབ་ཚན་ཞིབ་ཕྲར་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་གསར་པ་ཐོབ་པ་མཚོན་པའི"བདེ་སྐྱིད་ཀྱི་བོད་ལྗོངས"ཞེས་པ་དང་། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་བཟང་པོ་མཚོན་པའི"མཛེས་སྡུག་གི་བོད་ལྗོངས"ཞེས་པ། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཡིད་ཆེས་ཀྱིས་ཁེངས་པའི་ངང་ཏང་གི་རྗེས་སུ་འབྲང་བ་མཚོན་པའི"ཉི་འོད་ཀྱི་བོད་ལྗོངས"ཞེས་པ་གསུམ་དུ་ཕྱེ་ཡོད་པ་རེད།
         དགོང་ཚོགས་ནི་དགའ་སྤྲོ་རྟེན་འབྲེལ་དང་། དགའ་ཞིང་སྤྲོ་བ། སྤྲོ་སེམས་ཆེ་བ་བཅས་ཀྱིས་ཁེངས་ཏེ་ང་ཚོ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་དབུ་ཁྲིད་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡང་བསྐྱར་ཏང་གི་བཀའ་དྲིན་དྲན་པར་བྱས་ཡོད་པ་རེད། ཆེད་དོན་དགོང་ཚོགས་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་སོགས་ས་ཁུལ་དང་གྲོང་ཁྱེར་གཞན་དག་དུ་སྐོར་སྐྱོད་འཁྲབ་སྟོན་ཡང་བྱ་རྒྱུ་རེད།
    ༄༅།།བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་
ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
    ༄༅།།བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་
ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
    ༄༅།།བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་
ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།