འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་ལོ་སིར་གློག་ཁང་གི་གནས་སྤོས་གྲོང་གསར་རྩིས་
    སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་མ་འཇོག་གསར་སྤེལ་བྱས་པའི་ལོ་སིའི་ནན་ཨོ་གཙང་པོའི་རྣམ་གྲངས་ཀྱི་དུས་ཁག་གཉིས་པའི་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་གི་གནས་སྤོས་གྲོང་གསར་གྱི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། ལོ་སིའི་ལང་པོའོ་ལ་མངའ་སྡེའི་ཞིང་ཆེན་སྲིད་གཞུང་དང་། ལང་པོའོ་ལ་མངའ་སྡེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག ས་གནས་དེ་གའི་གྲོང་མིའི་འཐུས་མི་སོགས་མཛད་སྒོར་ཞུགས་ནས་གནས་སྤོས་གྲོང་གསར་གཉིས་ཀྱི་སྒོ་བྱང་བཀལ་བ་དང་རྩིས་སྤྲོད་རྩིས་ལེན་གྱི་དཔང་པོ་བྱས་པ་རེད།
         མཛད་སྒོའི་ཐོག་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སི་ནན་ཨོ་གཙང་པོའི་གློག་གཏོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོང་ཡན་ཏེས་ལཱ་ཐ་ཧེ་དང་ཧུའེ་ལོའུ་གྲོང་གསར་གྱི་ཚུན་ཀྲང་ལ་མཉམ་སྡེབ་ཀྱི་ལྡེ་མིག་སྤྲད་པ་མ་ཟད། གྲོང་གསར་གྱི་སློབ་གྲྭར་སྒྲིག་ཆས་དང་སློབ་སྦྱོང་དང་ལུས་རྩལ་གྱི་མཁོ་ཆས་ཁག་གཅིག་ཀྱང་ཞལ་འདེབས་བརྒྱབ་པ་རེད།
        ནན་ཨོ་གཙང་པོ་རྒྱུག་ཁུལ་གྱི་ཡུལ་མིའི་གནས་སྤོས་ལས་གྲྭའི་ནང་ལོ་སིའི་བྱང་རྒྱུད་ཀྱི་ཞིང་ཆེན་2ཀྱི་རྫོང་10ཡི་དུད་ཚང་2300ཡི་མི་འབོར་12600ལྷག་ཙམ་སྤོ་དགོས་པ་དང་གནས་སྤོས་ཡུལ་མིའི་གྲོང་གསར་23འཆར་འགོད་བྱས་ཡོད། དེའི་ནང་ནན་ཨོ་གཙང་པོའི་དུས་ཁག་གཉིས་པའི་རྣམ་གྲངས་ནང་གནས་སྤོས་ཡུལ་མིའི་གྲོང་གསར་15བསྐྲུན་རྩིས་ཡོད། ད་རེས་དུས་ཁག་གཉིས་པའི་རྣམ་གྲངས་ཆུ་མཛོད་ཁུལ་གྱི་དང་ཐོག་ལེགས་གྲུབ་ཟིན་པའི་གནས་སྤོས་ཡུལ་མིའི་གྲོང་གསར་རྩིས་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།