འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཁམ་ཕུ་ཁྲེས་མཉམ་དུ་བསྐྲུན་པའི་བརྙན་འཕྲིན་ལས་ཁུངས་ཐོག་མ་དེ་དངོས་སུ་
    ལས་གཉེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། ཁམ་ཕུ་ཁྲེའི་ནང་སྲིད་པུའུ་དང་ཀྲུང་གོ་ཀོང་ཤིས་ཤུགས་རྐྱེན་གསར་པའི་རིག་གནས་མ་འཇོག་ཚོགས་པས་མཉམ་དུ་བསྐྲུན་པའི་NICE TVསྲུང་སྐར་བརྙན་འཕྲིན་ལས་ཁུངས་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་ཕ་ནོམ་ཕེན་དུ་འཚོགས་པ་རེད།
         ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོགས་ཡིན་པའི་ས་ཁེན་གྱིས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས་གསར་དུ་བཙུགས་པའི་བརྙན་འཕྲིན་ལས་ཁུངས་དེས་ཁམ་ཕུ་ཁྲེའི་མི་དམངས་ལ་མགྱོགས་མྱུར་དང་ཁུངས་བཙན་གྱི་གསར་འགྱུར་ཐོན་རྫས་མཁོ་འདོན་བྱ་རྒྱུ་མ་ཟད། ད་དུང་ཁྲིམས་ལུཌ་དང་བདེ་འཇགས་སོགས་འབྲེལ་ཡོད་ཆ་འཕྲིན་བརྒྱུད་བསྒྲགས་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཡང་ཐུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ས་ཁེན་གྱིས་སྲུང་སྐར་བརྙན་འཕྲིན་ལས་ཁུངས་དེས་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མཉམ་ལས་ལ་སྔར་བས་སྐུལ་འདེད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པ་དང་། “དེ་ལས་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་སྨྱན་སྦྱོར་རིག་གནས་ཁྱབ་ཁོངས་ཁྲོད་མཉམ་ལས་ཡག་པོ་བྱུང་བ་ར་སྤྲོད་སླར་ཡང་ཐུབ་ཡོད”ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།