འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གི་སྲོག་ཆགས་རིགས་ཀྱི་འདྲ་རྣམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གི་སྲོག་ཆགས་རིགས་ཀྱི་འདྲ་རྣམ།
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་ནི་གསར་དུ་བསྐྲུན་ནས་ལོ་མང་པོ་ཞིག་འགོར་ཡོད་མེད་པ་རེད། བཤམས་མཛོད་ཁང་དུ་གསའ་དང་། གཙོད། འབྲོང་། དྲེད་མོང་། ཁྲུང་ཁྲུང་སྐེ་ནག་སོགས་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རིགས་ཀྱི་འདྲ་རྣམ་པ་བཤམས་ཡོད་པ་ནི་མིག་དབང་འཕྲོག་ཡུལ་ཞིག་ཏུ་ཆགས་ཡོད་པ་རེད།
           ཡུལ་ཤུལ་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་ནི་ཡུལ་ཤུལ་ས་ཡོམ་རྗེས་ཀྱི་བསྐྱར་བསྐྲུན་བྱས་པའི་འཛུགས་སྐྲུན་བཅུ་ཡི་གྲས་ཀྱི་གཅིག་ཡིན་ལ། དེ་རུ་འགོ་བརྗོད་ཚོམས་ཁང་དང་། རང་བྱུང་འགྲེམས་ཁུལ། རིག་གནས་སྣ་ཚོགས་འགྲེམས་ཁུལ་བཅས་ཡོད་ཅིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་2700ཡོད་པ་རེད། དེའི་ནང་གི་རང་བྱུང་འགྲེམས་ཁུལ་ནི་གཙང་གསུམ་འགོ་ཁུངས་ཀྱི་རང་བྱུང་སྐྱེ་ཁམས་འགྲེམས་སྟོན་དང་ཨ་ཆེན་གངས་རྒྱབ་འགྲེམས་སྟོན་གཉིས་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གི་སྲོག་ཆགས་རིགས་ཀྱི་འདྲ་རྣམ།
      

    ཕྱོགས་བསྡུས་གསར་འགྱུར།