འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་ནུས་རྒྱུའི་ཐད་ཕན་ཚུན་སྦྲེལ་མཐུད་རགས་ཙམ་
    བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཕེ་ཀྲེ་རུང་གིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱི་སྐུལ་འདེད་འོག་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་ནུས་རྒྱུའི་ཐད་ཕན་ཚུན་སྦྲེལ་མཐུད་རགས་ཙམ་བྱུང་ཞིང་། གློག་ཤུགས་ཐད་ཨུ་རུ་སུ་དང་། མོང་གོལ་རྒྱལ་ཁབ། ཝེ་ཐེ་ནམ། འབར་མ་སོགས་མཐའ་འཁོར་རྒྱལ་ཁབ་དང་ཆ་ཤས་སྦྲེལ་མཐུད་བྱུང་ནས་གཞི་ཁྱོན་ཆན་ཝ་ཁྲི་260ཙམ་ཟིན་པ་དང་སྣུམ་རླངས་ཐད་ནུབ་བྱང་དང་། བྱང་ཤར། ལྷོ་ནུབ་བཅས་སྐམ་སའི་འདྲེན་ལམ་ཆེན་པོ་གསུམ་རྩ་བའི་ཆ་ནས་ཆགས་ཡོད་ཅེས་བཤད་པ་རེད།
         འདི་ལོ་ནི་ཀྲུང་གོས“གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་ནས་ལོ་གཉིས་སོང་བའི་ལོ་ཞིག་རེད། ཕེ་ཀྲེ་རུང་གིས་མིག་སྔར་སྤེལ་བའི“2017གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱི་རིམ་མཐོའི་གླེང་སྟེགས”ཐོག“ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་བསྐྲུན་ནས་ཐཱན་ཉུང་ལྗང་མདོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
         གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི་ལིའུ་ཀྲེན་ཡ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོར་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པའི་ནུས་རྒྱུའི་རྒྱལ་སྤྱིའི་རྩ་འཛུགས་དང་པོ་དེའི་ཚོགས་མིའི་གྲངས་འབོར་ཉེ་བའི་ལོ་གཉིས་རིང་ཚན་པ་300ལྷག་ཙམ་བར་མང་དུ་ཕྱིན་ནས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་དུ་ཁྱབ་ཡོད། མིག་སྔར་གཙོ་གནད་སྦྲེལ་མཐུད་དྲ་བའི་ལས་གྲྭ་110ལྷག་ཙམ་གསེད་བཀྲོལ་བྱས་པ་དང་། གོ་ལ་ཧྲིལ་པོའི་གློག་སྐུད་མའི་གློག་ལམ་གྱི་ས་བཀྲ་ཐོག་མར་བཀོད་པ། རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་ཚུད་པའི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།