འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་གྲོང་ཁྱེར་ཅིའུ་ཅིན་ཧྲན་དུ"འདོད་སྐོང་མ"ཞེས་པའི་འཇིམ་བརྙན་གྱི་ཁེབས་རས་
    བཤུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་གྲོང་ཁྱེར་ཅིའུ་ཅིན་ཧྲན་དབན་ཆུས་ཀྱི་མི་རིགས་དང་རིགས་རྒྱུད་མང་བའི་དམངས་ཁྲོད་ཚོགས་པ“འདོད་སྐོང་མ”ཞེས་པའི་དྲང་བདེན་མནའ་འབྲེལ་གྱིས་གྲོང་ཁྱེར་ཅིའུ་ཅིན་ཧྲན་གྱི་ཧྲེང་མ་ལི་ཐང་ཆེན་དུ་བཀོད་སྒྲིག་བྱས་པའི“འདོད་སྐོང་མ”ཞེས་པའི་འཇིམ་བརྙན་ཁག་གཅིག་གི་ཁེབས་རས་བཤུས་ནས་འཛམ་གླིང་དམག་ཆེན་གཉིས་པའི་རིང་རི་པིན་དམག་དཔུང་གི་དམག་མིར་འདོད་པ་སྐོང་དགོས་པའི་རྒྱལ་ཁབ་ཁག་གི“འདོད་སྐོང་མར”དྲན་གསོ་ཞུས་པ་རེད། འཇིམ་བརྙན་དེ་དག་ནང་རང་ཉིད་ཀྱི་མྱོང་བ་ཡོངས་བསྒྲགས་ངང་བརྗོད་མཁན་དང་པོ་ཡིན་པའི་ཧན་གོའི“འདོད་སྐོང་མ”ཅིན་ཞུའེ་ཧྲུན་གྱི་འཇིམ་བརྙན་དང་། ཀྲུང་གོ་དང་། ཧན་གོ། ཧྥི་ལི་ཕིན་བཅས་ཀྱི་ལོ་ཆུང“འདོད་སྐོང་མ”གསུམ་ལག་གདང་སྦྲེལ་བའི་འཇིམ་བརྙན་ཡོད་པ་ཚང་མ་མི་གསོན་པོའི་ཆ་ཚད་དང་མཚུངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།