འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་ཏུའོ་སྨི་ཉི་ཁེར་ཡོད་པའི་ཀྲུང་གོ་བ་ཁག་མཐའ་
    མ་དེ་བདེ་འཇགས་ངང་གནས་སྤོས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། ཧྲེང་གཡོད་ཧན་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་ཏུའོ་སྨི་ཉི་ཁེར་ཡོད་པའི་ཀྲུང་གོ་བ་306ཚེས་25ཉིན་ཨན་ཐི་ཀཱ་དང་པཱ་པུའུ་ཏཱ་གྲོང་ཁྱེར་དུ་བདེ་འཇགས་ངང་གནས་སྤོས་བྱས་པ་འདི་ནི་ཐེངས་འདིའི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་རྐྱེན་གྱིས་གནས་སྤོས་བྱས་པའི་ཀྲུང་གོ་བ་ཁག་གཉིས་པ་དེ་ཡིན་ལ་ཁག་མཐའ་མ་ཡང་ཡིན་པ་རེད།
         ཨན་པཱར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དབུ་བཞུགས་དཔོན་ཧུའུ་ཅི་ཆོན་གྱིས་ཚེས་26ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཚེས་25ཉིན་འབྱོར་པའི་ཕྱིར་འཐེན་མི་སྣ་306ཁྲོད་དུ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ལས་མི་ཕུད་ད་དུང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་41དང་ཨའོ་མོན་གྱི་སྤུན་ཟླ་1ཡོད་པ་དང་། མིག་སྔར་ཕྱིར་འཐེན་བྱས་པའི་མི་སྣ་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
         ཁག་དང་པོའི་ཀྲུང་གོ་བ་158ཀྱི་ཕྱིར་འཐེན་གནས་སྤོས་ལས་དོན་ཚེས་22ཉིན་ལེགས་སྒྲུབ་བྱུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།