འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གིས་དགའ་སྤྲོའི་ངང་ཏང་གི་ཚོགས་ཆེན་
    བཅུ་དགུ་པ་བསུ་བའི་གླུ་ལེན་སྤྲོ་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྲེན་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གིས་དགའ་སྤྲོའི་ངང་ཏང་གི་ཚོགས་ཆེན་
བཅུ་དགུ་པ་བསུ་བའི་གླུ་ལེན་སྤྲོ་ཚོགས་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་གྱི་ཕྱི་དྲོར། ཁྲེན་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁང་གིས"དགའ་སྤྲོའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ"ཞེས་པའི་གླུ་ལེན་སྤྲོ་ཚོགས་གཟབ་རྒྱས་ངང་འཚོགས་ཤིང་། དོན་གཅོད་ཁང་གི་ལས་བྱེད་པ་དང་ལས་བཟོ་པ་དང་དེ་བཞིན་ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་པ་ཚོའི་འཐུས་ཚབ་ཧ་ལམ་མི་300ལྷག་ཙམ་གླུ་ལེན་སྤྲོ་ཚོགས་སུ་ཞུགས་ཡོད་པ་རེད།
         《གོས་འཁྲུད་གླུ་གཞས》ཞེས་པ་དང་《མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད》ཅེས་པ་རྣ་བར་འཇགས་ཤིང་ངག་ལ་གསལ་བའི་གླུ་དབྱངས་ཁྲོད་དུ། མི་ཚང་མས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱི་དྲན་བྱས་ནས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་དང་། མེས་རྒྱལ་ལ་དགའ་ཞེན། བོད་ལྗོངས་ལ་ཞབས་ཞུ། “རྟེན་གཞི་ཅན”གྱི་དོན་གཅོད་ཁང་འཛུགས་སྐྲུན་བཅས་བྱེད་པའི་གདེང་ཚོད་དང་ཆོད་སེམས་རྒྱུན་འཛིན་དར་སྤེལ་སྔར་ལས་ལྷག་པར་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།