འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པ།
            མི་དམངས་དྲ་བའི་འཕྲིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས"སྙན་མོ་ངག་གི་འགྱུར་ཁུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ"ཞེས་པ་བརྗོད་གཞིར་བྱས་ཏེ་མཉམ་དུ་གཉེར་བའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་བསྡུར་གྱི་འགྲན་རིམ་ཐོག་མ་དེ་སྤྱི་ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་འགོ་ཚུགས་པ་རེད། ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་འགྲན་རིམ་ཁག་གཉིས་སུ་དབྱེ་ཡོད་པ་དང་། ཐོག་མའི་འགྲན་རིམ་གྱི་འགྲན་ཞུགས་པ་སུམ་ཅུའི་ཁྲོད་ནས་མི་བཅུ་དྲུག་འགྲན་བསྡུར་ལས་རྣམ་པར་རྒྱལ་ཏེ་འགྲན་རིམ་གཉིས་པའི་འགྲན་བསྡུར་ཁྲོད་ཚུད་པ་དང་། འགྲན་རིམ་གཉིས་པ་དེ་སྤྱི་ཟླ་9ཚེས་24ཉིན་གྱི་ཕྱི་དྲོ་ཡང་བསྐྱར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཚོགས་བཞིན་ཡོད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་དྲང་བདེན་དང་ལུགས་མཐུན་ཞིག་ཡོང་ཆེད། དཔྱད་འདེམས་པ་རྣམ་པས་སྐར་མ་རྒྱག་པ་ལས་གཞན་ད་དུང་ཤིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས། བོད་ལྗོངས་གླུ་གཞས་དྲ་ཚིགས། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཡོངས་འཛིན་སོགས་སྨྱན་སྦྱོར་ལས་ཁུངས་ནས་དཔྱད་འདེམས་པ་རེ་གདན་ཞུ་བྱས་ཏེ་འགྲན་བསྡུར་གྱི་དྲང་བདེན་རང་བཞིན་སྔར་བས་བརྟན་དུ་གཏང་རྒྱུ་རེད།
    ༄༅།།མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པ།
    ༄༅།།མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པ།
    ༄༅།།མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་སྐབས་དྲུག་པ།
      

    ཕྱོགས་བསྡུས་གསར་འགྱུར།