འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ།
          མི་དམངས་དྲ་བའི་འཕྲིན། གསར་གཏོད་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུབ་མེད་སྒུལ་ཤུགས་ཡིན་ལ། ལས་གཏོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན། "དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད"ཀྱི་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་དུ། ལྷ་ས་གྲོང་ཁྱེར་གྱི་བློ་སྤོབས་ལྡན་ལ་ཤེས་རབ་འཛོམས་པ། སྤྲོ་སེམས་ཡོད་པའི་ལས་གཏོད་གསར་གཏོད་པ་ཁག་གཅིག་གིས་དཔལ་འབྱོར་རྒྱུན་རྣམ་གསར་པའི་རྒྱབ་ལྗོངས་སྐབས་ཀྱི"རླབས་གཤག་ཕོ་རྒོད"བྱེད་བཞིན་ནུས་སྤོབས་གཉིས་ཀྱི་ཐོག་ནས་དུས་རབས་ཀྱིས་གནང་བའི་འོས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས་བཟང་ཕྱོགས་དང་ལེགས་ཕྱོགས་སུ་བསྐྱོད་པའི་དྲང་ནུས་ཕྱོགས་བསྡུས་བྱས་ཏེ་གསར་གཏོད་ལས་གཏོད་ལེགས་གཏོད་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་པ་རེད།
          ཉེ་སྔོན། 2017ལོའི་རྒྱལ་ཡོངས"གསར་གཏོད་གཉིས"ཀྱི་བྱེད་སྒོའི་གཟའ་འཁོར་བོད་ལྗོངས་ཡན་ལག་ཚོགས་པ་དང་མཐོ་སློབ་མཐར་ཕྱིན་སློབ་མ་རྒྱལ་ཁོངས་ཁེ་ལས་ཆེད་གཉེར་གྱི་ལས་མི་བསྡུ་བའི་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་དུས་མཉམ་སྤེལ་འགོ་ཚུགས་ལ། དེའི་ཁྲོད་དུ། གསར་གཏོད་སྤེལ་རེས་ཚོགས་འདུ་དང་། རྒྱལ་ཁོངས་ཁེ་ལས་ཆེད་གཉེར་གྱི་ལས་མི་བསྡུ་བའི་ཚོགས་འདུ། ལྷ་སའི་དམངས་ཀྱིས་གསར་གཏོད་བར་སྟོང་མནའ་འབྲེལ་འཛུགས་པ་སོགས་ཀྱི་བྱེད་སྒོ་ཡོད་པ་ལས། ན་གཞོན་ལོ་ཆུང་ཚོ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་པར་སྤྱི་སྟེགས་ཤིག་མཁོ་འདོན་བྱས་ཡོད་པ་མ་ཟད། "དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད"ཀྱི་ཁོར་ཡུག་སྔར་བས་ལེགས་པོ་ཞིག་བསྐྲུན་ཡོད་པས། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ"གསར་གཏོད་གཉིས"ལ་རྒྱུས་ལོན་དང་། "གསར་གཏོད་གཉིས"སྐུལ་འདེད་བྱས་པ་མ་ཟད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི"གསར་གཏོད་གཉིས"ཀྱི་གྲུབ་འབྲས་ངོམ་སྟོན་བྱས་ཡོད་པ་རེད།
           མཚམས་སྦྱོར་བྱས་པར་གཞིགས་ན། ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཡོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ཡོངས་ནས་སློབ་ཆེན་སློབ་མའི་ལས་གཏོད་ཞབས་ཞུའི་དྲ་བ་ཤར་གཏོང་བྱས་པ་དང་། རང་སྐྱོང་ལྗོངས་ཕྱི་ནང་གཉིས་ནས་གསར་གཏོད་ལས་གཏོད་ཀྱི་རྟེན་གཞི་བཙུགས་ནས"གསར་གཏོད་གཉིས"ཀྱི་ཞབས་ཞུའི་ལས་དོན་གསོ་སྦྱོང་གི་རྣམ་པར་ཤུགས་སྣོན་བརྒྱབ་ཏེ་ལས་གཏོད་པར་ཕན་ཚུན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་རོགས་རམ་བྱེད་པའི་སྤྱི་སྟེགས་མཁོ་འདོན་བྱས་པ་དང་། རྒྱུན་མཐུད་ངང་ལྷ་ས་གྲོང་ཁྱེར་རམ་ཡང་ན་རང་སྐྱོང་ལྗོངས་ཡོངས་ཀྱི"གསར་གཏོད་གཉིས"ཀྱི་ལས་དོན་བདེ་བླག་ངང་འཕེལ་རྒྱས་བཏང་བ་རེད།
    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ།
    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ།
    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ།
    ༄༅།།ལས་སྒྲུབ་ལས་གཏོད་ཀྱི་སྐབས་བབ།
      

    ཕྱོགས་བསྡུས་གསར་འགྱུར།