འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་ཧྲེང་པའོ་ལུའོ་ཀྲོའུ་ཡི་གྲོང་ཁྱེར་6གིས"ཀྲུང་གོའི་ཉིན་མོའི"བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16དང་17ཉིན་པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ཧྲེང་རུའོ་ཨང—ཏ་པོ་ཨ་ཝེ་སི་ཐ་སོགས་གྲོང་ཁྱེར་6གིས་ཐུན་མོང་ཐོག“ཀྲུང་གོའི་ཉིན་མོའི”བྱེད་སྒོ་སྤེལ་ནས་པར་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད།
         ཚེས་16ཉིན་གྱི་དགོང་མོ་ཧྲེང་རུའོ་ཨང—ཏ་པོ་ཨ་ཝེ་སི་ཐ་གྲོང་ཁྱེར་ཟློས་གར་ཁང་དུ་ཀྲུང་གོའི་ཁྱད་ཆོས་ཀྱིས་ཕྱུག་པའི་སེང་རྩེད་དང་། དྲག་རྩལ་འཁྲབ་སྟོན། མི་རིགས་ཀྱི་ཞབས་བྲོ། པེ་ཅིང་གི་ཁྲང་ཞི། སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པར་དགའ་བསུ་ཐོབ་པ་རེད། མཇུག་བསྡུའི་གླུ་གཞས《ཀྲུང་གོ་ཆེན་པོ》གཏོང་སྐབས་ཟློས་གར་ཁང་གི་ལྟད་མོ་བ་ཡོངས་ཀྱིས་གླུ་གཞས་ཀྱི་འགྱུར་ཁུག་དང་སྦྲགས་ནས་ཐལ་མོ་རྡེབ་པ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མིས་གླུ་གཞས་མཉམ་དུ་བཏང་བ་རེད།
         པར་ཙིར་གྱི་བུ་མོ་ཏ་ལི་སིས་ངས་གཞས་དེའི་གཞས་ཚིག་མ་གོ་ནའང་གླུ་གཞས་ཀྱི་འགྱུར་ཁུག་དང་ཟློས་གར་ཁང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ལྟད་མོ་བ་ཚོ་ལས་གླུ་གཞས་དེའི་ཡིད་དབང་འགུག་ནུས་ཚོར་བྱུང་། འཁྲབ་སྟོན་ཧྲིལ་པོ་ངོ་མཚར་ཆེན་པོ་འདུག སླད་ཕྱིན་རང་ཉིད་ཀྱིས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ལ་སྔར་བས་དོ་སྣང་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།
         ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲེན་ཕེ་ཅེས་ཤིས་ཚིག་སྒྲོན་སྐབས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་དབར་ས་ཐག་རིང་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་གཅིག་སེམས་གཅིག་ལ་འབྲེལ་ཡོད། ད་ཐེངས་ཀྱི“ཀྲུང་གོའི་ཉིན་མོའི”བྱེད་སྒོ་ལས་ཧྲེང་རུའོ་ཨང—ཏ་པོ་ཨ་ཝེ་སི་ཐ་དང་ཤར་རྒྱུད་གྲོང་ཁྱེར་5ཡི་མི་དམངས་ཚོས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་སྔར་བས་ཤེས་རྟོགས་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་དང་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།