འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2017ལོར་དབུལ་པོ་མི་ཁྲི་13 ཡན་ཉུང་དུ་གཏོང་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2017ལོར་བོད་ཀྱིས་དབུལ་པོ་མི་ཁྲི་13ཡན་ཉུང་དུ་གཏོང་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1705ཕྱིར་འཐེན་ཐུབ་པ། རྫོང(ཆུས)དབུལ་པོ་25ཡི་དབུལ་ཞྭ་འབུད་ཐུབ་པ་བཅས་འཆར་གཞི་ཡོད་པ་དང་། དུས་མཚུངས། “ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། འགན་ལེན”བཅས་ཀྱི་མཐོར་གཏོང་འདུ་འགོད་བཅུ་ལ་ཡང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། ལོ་འཁོར་འདིའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་དམིགས་ཚད་དང་ལས་འགན་དུས་བཀག་བཞིན་ལེགས་གྲུབ་ཡོང་རེ་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་2016ལོ་ཁོ་ནར་དབུལ་པོ་མི་ཁྲི་14.7ཉུང་དུ་བཏང་བ་དང་། གྲོང་ཚོ་དབུལ་པོ་1008ཕྱིར་འཐེན་བྱས་པ། རྫོང(ཆུས)དབུལ་པོ་10དབུལ་ཞྭ་འབུད་པའི་ཆ་རྐྱེན་དུ་སླེབས་པ། རྒྱལ་ཁབ་ལ་རྫོང(ཆུས)5ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་སྙན་ཞུ་ཕུལ་བ་དག་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི“ཕྱོགས་བསྡུས་གདེང་འཇོག་ལེགས་པའི”ཞིང་ཆེན་དང་རང་སྐྱོང་ལྗོངས་8ཀྱི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་རེད།
        བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ཡིས། བོད་ཀྱི་དབུལ་པོ་ནི་ཕྱོགས་བསྡུས་རྒྱུ་རྐྱེན་ཕན་ཚུན་ནུས་པ་ཐོན་རེས་བྱས་པའི་འབྲས་བུ་ཞིག་རེད། “དབུལ་པོའི་གཞི་རྒྱ་ཆེ་བ་དང་། དབུལ་པོའི་བསྡུར་ཚད་མཐོ་བ། དབུལ་ཚབས་ཤིན་ཏུ་ཆེ་བ། དབུལ་སྒྲོལ་མ་གནས་མཐོ་བ”བཅས་ཀྱི་ཁྱད་ཆོས་ཆེན་པོ་བཞི་ཕྱོགས་ཡོངས་ནས་མངོན་གྱི་ཡོད། དེས་ན་བརྟག་ཞིབ་གཏིང་ཟབ་བྱས་ནས་ཤིན་ཏུ་དབུལ་པོའི་ཁྱད་ཆོས་གཏན་འཁེལ་ཁ་གསལ་དང་། དབུལ་པོ་ཆགས་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱས་ནས་དབུལ་པོའི་རིགས་སྣ་གཏན་འཁེལ་ཁ་གསལ། དབུལ་པོ་ཁྱབ་ཚུལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གཏན་འཁེལ་ཁ་གསལ། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་གོ་སྐབས་སུ་འཛིན་ནས་དབུལ་སྒྲོལ་འགག་སྒྲོལ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བཅས་བྱེད་བཞིན་ཡོད། འདི་ལོའི་ལོ་སྟོད་བར། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་རིམ་རྩིས་བྱས་ན། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་200.92བཏང་བ་དང་། ཐོན་ལས་དབུལ་སྐྱོར་ཐད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་100བཏང་བ། འཛུགས་སྐྲུན་རྣམ་གྲངས་1400ལྷག་ཙམ་ལས་འགོ་བཙུགས་པ། སྣོད་བཅུད་ལས་གནས་ཁྲི་62དོན་འཁྱོལ་བྱས་པ། “ལོ་15སློབ་ཡོན་མི་དགོས་པའི”སློབ་གསོ་སྲ་བརྟན་དང་མཐོར་གཏོང་བྱས་པའི་རྨང་གཞིའི་ཐོག་ཡིག་ཚགས་བཟོས་པ་དང་གཱ་སྤྲད་པའི་སློབ་ཆེན་སློབ་མ་དབུལ་པོའི་རིན་མེད་སློབ་གསོ་ལག་ལེན་བསྟར་བ་མ་ཟད། ད་དུང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་བའང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།