འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་འཇར་མན་གྱི་ཧན་ནུའོ་ཝུའེ་འཛམ་གླིང་འཕྲུལ་སྟེགས་དངོས་མང་སྟོན་
    ཚོགས་ལ་གཞི་ཁྱོན་ཆེན་པོས་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང་། 2017ལོའི་འཇར་མན་གྱི་ཧན་ནུའོ་ཝུའེ་འཛམ་གླིང་འཕྲུལ་སྟེགས་དངོས་མང་སྟོན་ཚོགས་དེ་ཚེས་18ཉིན་ཧན་ནུའོ་ཝུའེ་རུ་འགོ་ཚུགས་པ་དང་། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་170ལྷག་ཙམ་དེར་ཞུགས་རྒྱུའི་ཡིད་དབང་བཀུག་པས་འགྲེམས་ཞུགས་གྲངས་ཚད་དང་འགྲེམས་སྟེགས་རྒྱ་ཁྱོན་ཐད་སླར་ཡང་ཆུ་ཚད་གསར་པ་བཏོད་ཡོད།
         འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེའར་གྱིས་དེ་ཉིན་གྱི་དངོས་མང་སྟོན་ཚོགས་ཀྱི་ཡོལ་ཁེབས་ཕྱེ་གནང་ཞིང་། གཙོ་གཉེར་ཕྱོགས་ཡིན་པའི་འཇར་མན་འཕྲུལ་སྟེགས་བཟོ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱི་ལག་བསྟར་ལས་འཛིན་པ་ཝེར་ཧྥུ་ལི་ཏེ་·ཧྲེ་ཧྥེར་གྱིས་ཀྲུང་གོ་ནི་འཇར་མན་གྱི་འཕྲུལ་སྟེགས་དང་ལྕགས་རིགས་ལས་སྣོན་ཁེ་ལས་ཀྱི་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་ཤིག་ཡིན་པ་དང་། 2016ལོར་འཇར་མན་གྱི་ཁེ་ལས་ལ་ཀྲུང་གོའི་མངགས་ཐོ་འཕར་ཚད་25%ཡན་ཟིན་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཀྲུང་གོའི་ཁེ་ལས་མང་པོ་དངོས་མང་སྟོན་ཚོགས་ལ་ཞུགས་པ་ལས་ཀྲུང་གོའི་མཁོ་སྤྲོད་ཚོང་པ་རྒྱལ་སྤྱིའི་ཁྲོམ་རར་ཧུར་ཐག་ཞུགས་པ་མངོན་པ་དང་འབྲེལ་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་དང་ཞབས་ཞུའི་འདུ་ཤེས་ཟབ་གཏོང་བརྒྱུད་འཛམ་གླིང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱེད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།