འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་
    དོན་63བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སུ་"ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལྟ་སྐུལ་ཐེར་འདོན་ཡོངས་བསྒྲགས་ཆེད་དོན་ཁུལ་"གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་63བརྡ་ཁྱབ་བཏང་ཡོད་པ་རེད། དེ་ནི་ཆེད་དོན་ཁུལ་དེས་གཟའ་འཁོར་རེར་ཁྱབ་བརྡ་གཏོང་རྒྱུ་ཤར་གཏོང་བྱས་པ་ནས་བཟུང་གཅིག་བསྡུས་ཀྱིས་བརྡ་ཁྱབ་ཐོག་མ་བཏང་བ་རེད།
         བརྡ་ཁྱབ་བཏང་བའི་གནད་དོན་63ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་བཅས་30ནས་བྱུང་བ་རེད། དེ་དག་གི་ཁྲོད་དུ་གནད་དོན་10ནི་དུས་ཆེན་སྐབས་སུ་སྒྲིག་ཁྲིམས་དང་འགལ་ནས་ཕོགས་སྣོན་དང་གསབ་སྣོན་འགྲེམ་གཏོང་བྱས་པ་དང་། སྒྲིག་ཁྲིམས་དང་འགལ་ནས་ལག་རྟགས་དང་དངུལ་ཐུམ་སྤྲོད་ལེན་བྱས་པ། སྒྲིག་ཁྲིམས་དང་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་ཚིགས་དང་ལེན་བྱས་པ། སྒྲིག་ཁྲིམས་དང་འགལ་ནས་དྲང་བདེན་གྱིས་གཞུང་དོན་སྒྲུབ་པར་གནོད་སྲིད་པའི་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པས། ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་"སྤྱོད་ངན་བཞི་"ཡི་གནད་དོན་སླར་ཡང་ཐོན་པར་སྔོན་འགོག་བྱ་རྒྱུར་འཇིགས་སྐུལ་གྱི་ནུས་པ་ཆེ་ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།