འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་མི་སེམས་འགུལ་བར་བྱེད་པའི་བོད་ལྗོངས་ཀྱི་དབུལ་སྐྱོར་མི་སྣའི་འོས་མི་ཕུལ་
    བྱུང་བཅུ་སྤྱི་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བརྗོད་དོན་གཙོ་བོ་དར་སྤེལ་བཏང་ནས། དྲང་ནུས་གཅིག་ཏུ་འདུས་པར་བྱས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་རྣམ་པ་གཏོད་པའི་ཆེད་དུ། རང་སྐྱོང་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་《དབུལ་བྲལ་འགག་སྒྲོལ་ཡོང་བའི་བྱེད་པའི་སྐོར་གྱི་བོད་ལྗོངས་ཀྱི་དབུལ་སྐྱོར་མི་སྣའི་འོས་མི་ཕུལ་བྱུང་བཅུ་བདམས་པའི་སྐོར་གྱི་བརྡ་ཐོ་》(བོད་ལྗོངས་དབུལ་བྲལ་བཀོད་འདོམས་གཞུང་ལས་ཁང་2017ལོའི་ཡིག་ཨང་86པ) གྲོང་ཁྱེར་དང་ས་ཁུལ་ཁག་གི་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་དང་། རང་སྐྱོང་ལྗོངས་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་ནས་བདམས་ཐོན་འོས་སྦྱོར་བྱས་རྗེས། འོས་མི་77བདམས་དོན་བྱུང་བ་རེད། རང་སྐྱོང་ལྗོངས་དཔྱད་ཞིབ་ཚོ་ཆུང་གིས་གཟན་ནན་དང་དྲང་གཞག་ཇི་བཞིན་ཡོང་བའི་རྩ་དོན་ལ་གཞིགས་ནས། འོས་མི་77འོས་སྦྱོར་བྱས་པའི་ཁྲོད་ནས་10འོས་སྦྱོར་བྱས་ནས། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ། ཐེར་འདོན་ཨང་གྲངས་12317ཡིན། ཡོངས་བསྒྲགས་བྱེད་ཡུན་ནི་2017ལོའི་ཟླ་9ཚེས་19ནས་ཟླ་9ཚེས་25བར་ཡིན་པ་རེད། 
          2017ལོར་མི་སེམས་འགུལ་བར་བྱེད་པའི་བོད་ལྗོངས་ཀྱི་དབུལ་སྐྱོར་འོས་མི་ཕུལ་བྱུང་བཅུ་ཡི་ཨང་རིམ་དང་། མིང་། ཕོ་མོ། མི་རིགས། ལས་ཁུངས། (གནས་ཡུལ་སྡེ་གྲོང་།) ལས་གནས་བཅས་གཤམ་གསལ་དུ། 
        ༡ འཇིགས་རྡོར། ཕོ། བོད་རིགས། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི།  
        ༢ ཉི་མ་ཚེ་རིང་། ཕོ། བོད་རིགས། གཞིས་རྩེ་གྲོང་ཁྱེར་སྣར་དབུལ་སྐྱོར་ཕྱོགས་བསྡུས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ། 
        ༣ ཚེ་དབྱངས། མོ། བོད་རིགས། བོད་ལྗོངས་ཨ་མ་ལགས་བོད་རིགས་རྒྱན་གོས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ།
        ༤ བག་དྲོ། ཕོ། བོད་རིགས། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྗོང་ལྷུན་རྩེ་ཆུ་བོའི་མགྲོན་ཁང་གི་བདག་སྐྱོང་ཚད་ཡོད་ཀུང་སི། 
        ༥ འཛོམས་པ། མོ། བོད་རིགས། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་གཡུར་ར་སྒང་གྲོང་ཚོའི་ཞིང་འབྲོག་ཕྱུག་འགྱུར་སྣེ་ཁྲིད་པ། 
        ༦ ཚེ་རིང་དབང་འདུས། ཕོ། བོད་རིགས། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སློབ་ཆུང་གི་སློབ་གཙོ།
        ༧ ཏོན་ཧྲི་ཁྲང་། ཕོ། རྒྱ་རིགས། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་རྡོ་ཤོད་ཤང་གི་ཏང་ཀྲི་པུའུ་ཧྲུའུ་ཅི། 
        ༨ བློ་བཟང་བསོད་ནམས། ཕོ། བོད་རིགས། ནག་ཆུ་ས་ཁུལ་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཐོས་དགའ་གྲོང་ལྷན་གྱི་ཀྲི་པུའུ་ཧྲུའུ་ཅི་དང་། ཀྲུའུ་རེན། 
        ༩ ཁྲི་རྒྱལ། ཕོ། བོད་རིགས། ནག་ཆུ་ས་ཁུལ་སྙན་རོང་རྫོང་ཉི་མ་ཤང་ཞིང་འབྲོག་ཕྱུག་འགྱུར་སྣེ་ཁྲིད་པ། 
        ༡༠ ཧུའུ་ཧྲི་ཚའེ། ཕོ། མེའོ་རིགས། ཞིང་ལས་གསར་སྤེལ་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། དངུལ་ཁང་གི་འགོ་འཛིན།
      

    ཕྱོགས་བསྡུས་གསར་འགྱུར།