འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚོགས་སྒྲིག་རྣམ་པའི"སློབ་གསོ་བོད་སྐྱོར་ལས་བོད་ལྗོངས་ཀྱི་སློབ་མ་ཁྲི་4.39ལ་ཐད་
    ཀར་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། “‘ཚོགས་སྒྲིག་རྣམ་པའི’སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ལོ་གཅིག་ལྷག་ཙམ་སྤེལ་རིང་། རྐང་འཛིན་དགེ་རྒན་ཕུལ་བྱུང་800འདེམས་མངགས་བྱས་ཏེ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་20ལ་གཅིག་སྡུད་རོགས་སྐྱོར་བྱས་ནས་དགེ་རྒན་དང་དོ་དམ་ལས་བྱེད་པ་མི་ཐེངས་8300ལ་གསོ་སྦྱོང་བྱས་པ་དང་། བོད་ཀྱི་སློབ་མ་ཁྲི་4.39ལ་ཐད་ཀར་ཕན་པ་ཐོབ་ཡོད”ཅེས་ཚེས་18ཉིན“བོད་ཀྱི་སློབ་གསོའི་ཁ་གཏད་རོགས་སྐྱོར་དང‘ཚོགས་སྒྲིག་རྣམ་པའི’སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ཚོགས་འདུའི”ཐོག་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་བཤད་ཅིང་། ཁོང་གིས་སློབ་གསོའི་ཁ་གཏད་རོགས་སྐྱོར་དང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ཤུགས་ཆེན་བྱས་པས་བོད་ཀྱི་སློབ་གསོའི་སློབ་ཁྲིད་ཆུ་ཚད་དང་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པར་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་བསྔགས་བརྗོད་ཐོབ་པ་དང་། བོད་ཀྱི་སློབ་གསོ་གོང་འཕེལ་མགྱོགས་པོ་ཡོང་བར་རམ་འདེགས་ནུས་ལྡན་བྱུང་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། ལོ་5ཡི་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་སོགས་ཀྱི་ཐད་ནས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་74ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.74དོན་འཁྱོལ་བྱས་པ། སློབ་གྲྭའི་ཁང་པ་སྨི་ངོས་གྲུ་ཁྲི་48.57སྐྲུན་རོགས་བྱས་པ། དཔེ་དེབ་དཔྱད་ཡིག་ཁྲི་49ཞལ་འདེབས་བརྒྱབ་པ། ཚོད་ལྟ་ཁང་50སྐྲུན་རོགས་བྱས་པ། བོད་སྐྱོར་ཤེས་ལྡན་པ་མི་ཐེངས་5400མངགས་པ་བཅས་ལས་སློབ་ཞུགས་གོང་ནས་མཐོ་རིམ་སློབ་གསོའི་དུས་མཚམས་ཁག་བར་ཁྱབ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཏུའུ་ཅན་ཀུང་གིས། ད་ཆར་མཐོ་རིམ་སློབ་གསོའི‘ཚོགས་པ་རྣམ་པ’དང་། ལས་རིགས་སློབ་གསོའི་ཁ་གཏད་རོགས་སྐྱོར། རྨང་གཞིའི་སློབ་གསོའི‘ཚོགས་སྒྲིག་རྣམ་པ’ སློབ་གསོ་པུའི་ཐད་གཏོགས་ཚན་པ་བཅས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ཁྱོན་ཡོངས་དང་། རིམ་པ་མང་བ། ཕྱོགས་ཡོངས་སུ་ཁྱབ་པ་བཅས་ཀྱི་སློབ་གསོའི་རོགས་སྐྱོར་སྒྲོམ་གཞིའི་མ་ལག་ཅིག་བཟོས་ཡོད་ཅེས་བཤད།
         ཁོང་གིས‘ཚོགས་སྒྲིག་རྣམ་པའི’སློབ་གསོའི་བོད་སྐྱོར་སྲིད་ཇུས་ཀྱིས་ནང་ཁུལ་གྱི་གསོན་ཤུགས་ཆེས་ཆེར་འཕེལ་བར་བྱས་པ་དང་། སློབ་གསོའི་འདུ་ཤེས་དང་། དོ་དམ་བྱེད་སྟངས། སློབ་ཁྲིད་བཅས་ཀྱི་རྩལ་ནུས་ཐབས་ལམ་ལའང་འགྱུར་བ་ཆེན་པོ་བྱུང་ཡོད། བོད་ཀྱིས་ཐབས་ལམ་དེ་དག་སློབ་གྲྭ་སོ་སོའི་ཞིབ་ཕྲའི་ལས་དོན་ལ་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་སྟེ‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་རྒྱུ་རེད་ཅེས་བཤད།
         ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར། “ཚོགས་སྒྲིག་རྣམ་པའི”སློབ་གསོ་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གྱིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་གྲོང་ཁྱེར་དུ་སྒྲུབ་སྟངས་ནུས་ལྡན་དང་ཉམས་མྱོང་མང་པོ་བསགས་ཡོད་པ་དང་། བོད་ཀྱི་མི་སེར་གྱིས“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཞེས་བརྗོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།