འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལན་ཐུང་ཟོག་འབྲེལ་དྲ་རྒྱའི་སྣོད་བཅུད་ཚོགས་ཆེན་འཚོགས་པ་དང་ཀོང་ཀྲོའུ་གཏན་
    འཇགས་ཚོགས་རར་གཏན་འཁེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན།  ཟླ་8ཚེས་25དང་26ཉིན་ཀྲུང་གོའི་ལན་ཐུང་གི་ཟོག་འབྲེལ་དྲ་རྒྱའི་སྣོད་བཅུད་ཚོགས་ཆེན་ཀོང་ཀྲོའུ་ཕ་ཀྲོའུ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། སྐབས་འདིའི་ཚོགས་ཆེན་དེ་ཀྲུང་གོའི་ལན་ཐུང་དང་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་རྒྱལ་སྤྱི་དང་རྒྱལ་ནང་གི་བཟོ་ལས་ཟོག་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་བསྟན་པ་དང་འབྲེལ། ཀོང་ཀྲོའུ་འདི་ཉིད་ལོ་ལྟར་གྱི་གཏན་འཇགས་ཚོགས་རར་གཏན་འཁེལ་བྱས་པ་རེད།
           རང་རྒྱལ་གྱི་མིག་སྔར་ཚད་གཞི་མཐོ་ཤོས་ཀྱི་ཟོག་འབྲེལ་དྲ་རྒྱ་དང་དེ་བཞིན་བཟོ་ལས་དྲ་སྦྲེལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པའི་ངོས་ནས་ཚོགས་འདུར་ཞུགས་མཁན་ཚོས་ནུས་ཤུགས་ཡོད་རྒུས“ཟོག་འབྲེལ་དྲ་རྒྱའི་ལས་སྟེགས+”གཏོད་པ་དང་གཉིས་ཁེའི་འཕེལ་རྒྱས་ཀྱི་ཟོག་འབྲེལ་དྲ་རྒྱའི་ཐོན་ལས་སྣོད་བཅུད་ཁུལ་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད། དེར་བརྟེན་ཀྲུང་གོའི་ལན་ཐུང་གིས་ལས་རིགས་ཀྱི་སྔོན་ཚུད་གནས་བབ་ལྡན་པ་དང་ཀུང་སིར་མཐུན་སྦྱོར་གྱི་ཕན་འབྲས་ལྡན་པའི་འཐབ་ཇུས་མ་འཇོག་མཁན་ནང་འདྲེན་ཧུར་ཐག་བྱས་ཏེ་ཟོག་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་སུ་འཐབ་ཇུས་མཉམ་ལས་གཏིང་ཟབ་ཀྱིས་ལས་སྒོ་གཙོ་བོ་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་གསར་གཏོད་བྱ་རྒྱུ་རེད། ཀོང་ཀྲོའུ་ཡིས་རྒྱལ་ཡོངས་ཀྱི་ཆ་འཕྲིན་ཆེན་པོ་གསུམ་གྱི་སྟེགས་བུའི་ལེགས་ཆ་སྤྱད་དེ“ཀྲུང་གོའི་ལན་པར་2025ལོ”དང“དྲ་སྦྲེལ་+”སོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཆ་འཕྲིན་ལག་རྩལ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་རབས་གསར་པ་དང་འབྲེལ་འདྲིས་གཏིང་ཟབ་བྱ་རྒྱུར་སྐུལ་མ་བཏང་ནས་སྒྲིག་ཆས་བཟོ་སྐྲུན་ཚོང་པ་དང་། མ་ལག་འདུས་གྲུབ་ཚོང་པ། དྲ་བའི་གཉེར་སྐྱོང་ཚོང་པ། བཀོལ་སྤྱོད་གསར་སྤེལ་ཚོང་པ། ལས་སྟེགས་མཁོ་སྤྲོད་ཚོང་པ་བཅས་ལས་གྲུབ་པའི་དྲ་སྦྲེལ་ཐོན་ལས་མ་ལག་ཆ་ཚང་སྔར་བས་བརྟན་ཏུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།