འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་འགན་འཁྲི་བདའ་འདེད་གཏོང་
    ཤུགས་ཆེ་རུ་བཏང་བ། 

    མི་259ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་དེས་འདི་ལོ་ནས་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་གི་དཔེ་མཚོན་གནད་དོན་56ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་མི་259ལ་འགན་འཁྲི་བདའ་འདེད་བཏང་བ་རེད།
           འགན་འཁྲི་བདའ་འདེད་བཏང་བའི་མི་259ཡི་ནང་ནས་མི་66ལ་ཏང་སྲིད་ཀྱི་ཆད་པ་བཅད་པ་་དང་། མི་62ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་པ། མི་3ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ། མི་86ལ་སྐོང་འདྲི་བྱས་པ། མི་18ལ་སྐྱོན་བརྗོད་བརྡ་ཁྱབ་བཏང་བ། མི་23ལ་ཡིག་ཐོག་ནས་སྐྱོན་ཞིབ་བྱས་པ་རེད། མཚོ་སྔོན་གྱིས་ཁག་དང་པོའི་དཔེ་མཚོན་གྱོད་གཞི་6ཡོངས་བསྒྲགས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཟིལ་གནོན་ཆེན་པོ་སྤྲད་པ་རེད།
           ལྟ་སྐུལ་ཐེར་འདོན་ཐབས་ལམ་ཐོགས་མེད་ཤར་བགྲོད་ཡོང་བ་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ། ནགས་ལས། ཆུ་བེད་བཅས་ཀྱིས་སྒྲིག་བཤེར་ལས་ཁུངས་ལ་གནད་དོན་གྱི་ཁུངས་སྣེ་མཁོ་འདོན་གྱི་ལམ་སྲོལ་བཙུགས་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གནས་པའི་གནད་དོན་དུས་ཐོག་ཏུ་རྟོགས་པ་བྱས་ཡོད། སྒྲིག་ཁྲིམས་སྐྱོང་བ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་འགན་ཡག་པོ་མི་འཁུར་བ་དང་། ལྟ་སྐུལ་དོ་དམ་ནན་པོ་མི་བྱེད་པ། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚུར་ལན་གྱི་གནད་དོན་བཅོས་སྒྲིག་ཡག་པོ་མི་བྱེད་པ་བཅས་ཀྱི་དཔེ་མཚོན་གནད་དོན་56ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།