འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་23ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གངས་ལྗོངས་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱིས"མཐུན་སྒྲིལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་ཞིང་སྐྱིད་པའི་ལྷ་ས་གསར་པ"ཞེས་པ་བརྗོད་གཞི་གཙོ་བོར་བྱས་ནས་འཛམ་གླིང་ཡོངས་ལ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་ཐོན་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་གསལ་སྟོན་དང་། ལྷ་ས་ནི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་པའི་རྣམ་པ་གསར་པ་གསལ་སྟོན་བྱས་ཏེ་ཕྱི་ཕྱོགས་ལ་བག་ཆགས་འཇོག་རྒྱུ་སྔར་ལས་ཇེ་ཆེར་བཏང་ཐོག ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་གོང་དུ་འཕེལ་བར་མཐུན་རྐྱེན་གསར་སྐྲུན་བྱས་པ་རེད།
         ཟླ་བ་8པའི་ལྷ་ས་ནི་ནས་ཀྱི་སྙེ་མའི་རྦ་རླབས་ལང་ལོང་གཡོ་བ་དང་། གསེར་མདོག་གི་ས་གཞི་ཆེན་པོར་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཀྱི་རྣམ་པ་ཤར་ཡོད།
         ནས་ཀྱི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་དུས་ཚིགས་འདིའི་ཟླ་8ཚེས་21ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ལུས་རྩལ་ལྟེ་གནས་ལན་ཆིའུ་སྤོ་ལོ་ཁང་ནང་དུ་གློག་འོད་བཀྲ་བ་ནི་དགུང་གི་སྐར་ཚོགས་ས་གཞིར་བབས་པ་དང་འདྲ་ལ། མཁའ་དབུགས་ཁྲོད་དུ་ཞོ་ཡི་དྲི་ཞིམ་གྱིས་ཁེངས་ཤིང་། གངས་ལྗོངས་ས་མཐོའི་སྟེང་དུ་མཛེས་སྡུག་ལྡན་པའི་དུས་ཆེན་གྱི་གཟབ་འཆོར་སྤྲས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ནང་གི་རེ་འདུན་ཆེན་པོ་འགེབས་ཐབས་བྲལ་བའི་གངས་ལྗོངས་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཏེ་2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་པའི་མཛད་སྒོ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
        ཉིན་དེའི་དགོང་མོར། “དོ་དགོང་གི་ལྷ་སར་གཞས་དང་ཞབས་བྲོའི་དགའ་སྤྲོས་ཁེངས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཚོ་མཉམ་དུ་འཛོམས་ཏེ་དུས་ཆེན་གྱི་དགའ་སྤྲོ་མཉམ་རོལ་བྱེད”ཅེས་གཙོ་སྐྱོང་པའི་འཁྲབ་ཚན་སྙན་སྒྲོན་བསྒྲགས་པ་དང་ཆབས་ཅིག འགོ་ཚུགས་མཛད་སྒོའི་འཁྲབ་ཚན་དང་པོ་《བཀྲ་ཤིས་པའི་རྔ་སྒྲ་》ཞེས་པའི་ཞབས་བྲོ་འཁྲབ་འགོ་ཚུགས་ཤིང་། སྐབས་འདིར་ཚོགས་ར་ཡོངས་གཞས་དང་ཞབས་བྲོའི་རྒྱ་མཚོར་གྱུར་ཞིང་། གཟིགས་མོ་བ་ཚོའི་ཡིད་དབང་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་འཕྲོག་ཅིང་རོལ་དབྱངས་ཀྱི་དབྱངས་རྟ་དང་འགྲོགས་ནས་རྐང་འཁྲབ་ལག་འཁྲབ་བྱེད་བཞིན་ཡོད་པ་རེད།
         མཐའ་མར་མི་སེར་ཡོངས་ཀྱིས་དགའ་པོ་ཆེན་པོ་བྱེད་པའི་《ཞོ་སྟོན་དགའ་འཛོམས་》ཞེས་པའི་གླུ་གཞས་ཀྱིས་འགོ་ཚུགས་མཛད་སྒོར་མཐོ་རླབས་ཆེན་པོ་འཕྱུར་དུ་བཅུག་ཅིང་། སྙན་འཇེབས་ལྡན་པའི་གླུ་སྐད་ཀྱི་ཁྲོད་དུ་དགོང་ཚོགས་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ་རེད།
    ༄༅།།གངས་ལྗོངས་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག
      

    ཕྱོགས་བསྡུས་གསར་འགྱུར།