འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་སྲུང་ཡོལ་གཏོད། མཛེས་པའི་ཕ་ཡུལ་བསྐྲུན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྣ་དཀར་རྩེའི་ཞིང་ནང་གི་མཛེས་ལྗོངས།
    སྣ་དཀར་རྩེའི་ཞིང་ནང་གི་མཛེས་ལྗོངས།
          མི་དམངས་དྲ་བའི་འཕྲིན། 《2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས་》ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2016ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47(དེའི་ནང་རྒྱལ་ཁབ་རིམ་པ་10དང་། རང་སྐྱོང་ལྗོངས་རིམ་པ་13 གྲོང་ཁྱེར་དང་། ས་གནས། རྫོང་(ཆུས)བཅས་ཀྱི་རིམ་པ་24ཚུད་ཡོད)བཙུགས་ཡོད་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། ལྗོངས་ཡོངས་སུ་རིགས་ཁག་གི་སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ་22(དེའི་ནང་རྒྱལ་ཁབ་རིམ་པ་1ཚུད་ཡོད)བཙུགས་ཡོད་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ་ནང་བཅུག་པའི་སྤོ་སྒྱུར་གཏོང་སྤྲོད་རྫོང་36ཟིན་ཡོད་པ་རེད།
           2016ལོར་བོད་ཀྱིས་ད་དུང་《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། འདམ་ར་གཙོ་བོ། བདག་ཏུ་མ་བཟུང་བའི་སྲོག་ཆགས། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་སོགས་ཀྱི་དོ་དམ་བྱ་ཐབས་》བཏོན་ནས་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་སྣོད་བཅུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་སྟེ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མའི”གནམ་སྔར་བས་སྔོ་བ་དང་། ས་གཞི་སྔར་བས་སྔོ་ལྗང་། ཆུ་སྔར་བས་དྭངས་བ། མཁའ་རླུང་སྔར་བས་གཙང་བ་བཅས་དང་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་ཆེད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
    འཕན་པོའི་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག
    འཕན་པོའི་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག
    ཉང་ཆུ་གཙང་འགྲམ་གྱི་གྲོང་ཚོ་ཆུང་ངུ་།
    ཉང་ཆུ་གཙང་འགྲམ་གྱི་གྲོང་ཚོ་ཆུང་ངུ་།
    ལྷ་ས་སྐྱིད་ཆུའི་འགོག་སྲུང་ཤིང་ནགས།
    ལྷ་ས་སྐྱིད་ཆུའི་འགོག་སྲུང་ཤིང་ནགས།
    མེ་ཏོག་གིས་རབ་ཏུ་བརྒྱན་པའི་སྤོ་བོ་རྫོང་གི་ཁང་གསར།
    མེ་ཏོག་གིས་རབ་ཏུ་བརྒྱན་པའི་སྤོ་བོ་རྫོང་གི་ཁང་གསར།
      

    ཕྱོགས་བསྡུས་གསར་འགྱུར།