འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་ཞོ་སྟོན་གྱི་སྣང་ཚུལ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་21ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་སར་ཞོ་སྟོན་གྱི་སྣང་ཚུལ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ལྷ་སའི་ཞོ་སྟོན་ནི་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་གནའ་གྲོང་ལྷ་ས་གཏོང་རྒྱུ་ཡིན་པ་དང་། ཞོ་སྟོན་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་གཏོང་འགོ་ཚུགས་པ་ཡིན་ཞིང་། 2006ལོར་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོ་ཁག་དང་པོར་འཁོད་པ་རེད། ཞོ་སྟོན་དགའ་བསུ་དང་དུས་ཆེན་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོང་བ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་སྟོན་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་ལྷ་ས་གྲོང་ཁུལ་གྱི་ལམ་མཚམས་གཙོ་བོ་དང་མཛེས་ལྗོངས་ཁུལ་དུ་མེ་ཏོག་སྒྲིག་རྒྱན་སྤྲས་པ་དང་། དེའི་ཁྲོད་དུ་པོ་ཏ་ལའི་ཐང་ཆེན་དང་ལྕགས་པོ་རི་སྤྱི་གླིང་དུ་ལངས་གཟུགས་མེ་ཏོག་བཀོད་སྒྲིག་བྱས་པ་རེད། གོང་གི་པར་རིས་ནི་གྲོང་མི་ཚོས་ལྕགས་པོ་རིའི་སྤྱི་གླིང་གི་ལངས་གཟུགས་མེ་ཏོག་བཀོད་སྒྲིག་མདུན་དུ་དྲན་རྟེན་བརྙན་པར་ལེན་བཞིན་པ། 
    ཕྱི་རྒྱལ་གྱི་ཡུལ་སྐོར་བས་གཙུག་ལག་ཁང་མདུན་ནས་པར་ལེན་བཞིན་པ།
    ཕྱི་རྒྱལ་གྱི་ཡུལ་སྐོར་བས་གཙུག་ལག་ཁང་མདུན་ནས་པར་ལེན་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།