འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་རླུང་འོད་གསུམ་གྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་གོ་ལ་
    ཧྲིལ་པོའི་མདུན་གྲལ་དུ་སླེབས་པ།

    རང་རྒྱལ་གྱི་དྭངས་གཙང་ནུས་རྒྱུའི་གཤོང་ཚད་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་དུས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་མངོན་གསལ་དོད་པོས་བཟང་སྒྲིག་བྱུང་ནས་ནུས་རྒྱུའི་གསར་བརྗེར་སྐུལ་མ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ནུས་པ་གལ་ཆེན་བཏོན་ཡོད། ན་ནིང་ལོ་མཇུག་བར་བསྐྱར་སྐྱེས་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་5.7ཟིན་པ་དེས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཡོངས་ཀྱི་35%བཟུང་ཡོད། རྡོ་སྣུམ་རྫས་འགྱུར་གྱི་ནུས་རྒྱུ་མིན་པ་སྤྱོད་ཚད་ཀྱིས་ནུས་རྒྱུ་འཛད་སྤྱོད་བྱེད་ཐེངས་གཅིག་གི་བསྡོམས་འབོར་གྱི་13.3%བཟུང་བ་དེ་2010ལོ་ལས་བརྒྱ་ཆའི་གྲངས་3.9མཐོ་བ་ཡོད། མིག་སྔར་རང་རྒྱལ་གྱི་ཆུ་གློག་དང་། རླུང་གློག འོད་ཤུགས་གློག་གཏོང་བཅས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་དེ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་བརྟན་པོའི་ངང་གནས་ཡོད་པ་རེད། 
           ཆུ་གློག་གི་ཤོང་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་དུ་གསར་འཕར་བྱུང་བའི་ཆུ་གློག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་8300ཙམ་ཟིན་པ་དང་ཚོད་རྩིས་བྱས་ན་2017ལོའི་ལོ་མཇུག་ཏུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་སྤྱིའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3.4ཙམ་ཟིན་རྒྱུ་ཡིན་པ་དེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.1ལས་བརྒལ་རྒྱུ་རེད། ལོ་ལྔའི་རིང་རང་རྒྱལ་གྱིས་འབྲི་ཆུའི་ཤིས་ལུའོ་ཏུའུ་དང་ཤང་ཅ་པཱ་ཆུ་རགས་སོགས་ཆན་ཝ་ཁྲི་300ཡན་ཟིན་པའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཁག་གཅིག་ལས་འགོ་ཚུགས་ཏེ་སྤྱོད་འགོ་ཚུགས་ཡོད། དེའི་ནང་ཤིས་ལུའོ་ཏུའུ་ཆུ་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་འཛམ་གླིང་གི་ཨང་གསུམ་པར་སླེབས་ཡོད་པ་རེད།
          རླུང་གློག་འཕེལ་རྒྱས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ། 2012ལོའི་ཚུན་དུ་རང་རྒྱལ་དུ་གསར་འཕར་བྱུང་བའི་རླུང་གློག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་དེ་བསྟུད་མར་ལོ་བཞི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ན་ནིང་གི་ལོ་མཇུག་བར་རླུང་གློག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་8758གསར་འཕར་བྱུང་ནས་རྡོ་སོལ་གྱི་གློག་གཏོང་དང་ཆུ་ཤུགས་གློག་གཏོང་རྗེས་ཀྱི་གློག་ཁུངས་ཆེ་གྲས་ཨང་གསུམ་པར་གྱུར་ཡོད་པ་རེད།
         འོད་ཤུགས་གློག་གཏོང་མགྱོགས་མྱུར་རྒྱ་ཆེར་ཕྱིན་པ། 2013ལོ་ནས་བཟུང་བསྟུད་མར་ལོ་བཞི་རིང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1000གསར་འཕར་བྱུང་ཡོད། ན་ནིང་གི་ལོ་མཇུག་བར་རང་རྒྱལ་གྱི་འོད་ཤུགས་གློག་གཏོང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་7742ཟིན་ནས་བསྟུད་མར་ལོ་གཉིས་རིང་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
          བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཕྱོགས་མཚུངས་རང་རྒྱལ་གྱིས་སྲོལ་རྒྱུན་གྱི་ནུས་རྒྱུ་གཙང་མ་ནུས་ཆེའི་སྒོ་ནས་སྤྱོད་པའི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ཡོད་པ་རེད།
          རྡོ་སོལ་གློག་གཏོང་གི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་རིམ་འཕར་དང་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་བཏང་བ། ན་ནིང་གི་ལོ་མཇུག་བར་ཚད་བརྒལ་བཙོག་འབུད་སྒྱུར་བཀོད་ཆན་ཝ་དུང་ཕྱུར་4.5དང་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་ཆན་ཝ་དུང་ཕྱུར་4.6ལེགས་གྲུབ་བྱུང་བ་དེས་2020ལོའི་དམིགས་ཚད་ཀྱི་77%དང་73%ཁག་སོ་སོར་བཟུང་ཡོད། དེ་དང་ཕྱོགས་མཚུངས་རྡོ་སོལ་གཙང་མ་ནུས་ཆེའི་སྒོ་ནས་སྤྱོད་ཚད་ཀྱང་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།