འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་ཏོག་སི་ར་བསྒྲིགས་ནས་ཞོ་སྟོན་བསུ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་21ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མེ་ཏོག་སི་ར་བསྒྲིགས་ནས་ཞོ་སྟོན་བསུ་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ནས་27ཉིན་བར་ནི་2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་ལམ་དུམ་དང་། ཁྲོམ་གཞུང་། ལམ་མདོ་བཅས་ཁག་གཅིག་ཏུ་མེ་ཏོག་སི་ར་དང་། མེ་ཏོག་སྒྲོམ་སྟེགས། མེ་ཏོག་ཁོག་མ་སོགས་མང་དུ་འོས་འཚམ་བཏང་བ་དང་། ཚོད་རྩིས་བྱས་ན་མེ་ཏོག་ཁོག་མ་56000ཙམ་སྤྱོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞོ་སྟོན་ལ་བསུ་བ་ཞུ་བའི་མེ་ཏོག་སྟེགས་བུ་དེ་མེ་ཏོག་སི་ར་ཆེ་གྲས་ལས་བཟོས་པར་མཐོ་ཚད་ལ་སྨི་20ཙམ་ཟིན་ཡོད་ཅིང་། འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ལས་ཀ་བྱེད་མཁན་ཚོས་དུས་ཚོད་དམ་འཛིན་ངང་མེ་ཏོག་སི་ར་སྒྲིག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།