འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་འཆར་
    འགོད་ཡོངས་བསྒྲགས་བྱས་པ། 

    རིམ་དབྱེའི་སྨན་བཅོས་སོགས་ཀྱི་ལམ་ལུགས་འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉེ་ཆར་པར་འགྲེམས་བྱས་པའི་《ཡུན་ནན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྨན་དང་སྨན་བཅོས་ཀྱི་འཕྲོད་བསྟེན་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འཆར་འགོད་》ནང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུན་ནན་གྱིས་རིམ་དབྱེའི་སྨན་བཅོས་དང་། དེང་རབས་སྨན་ཁང་དོ་དམ། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ། སྨན་རྫས་མཁོ་འདོན་འགན་ལེན། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སོགས་ལམ་ལུགས་5འཛུགས་པའི་ཐད་ཚད་བརྒལ་གསར་པ་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད།
          འཆར་འགོད་ནང་། ཡུན་ནན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་དམིགས་ཚད་གསལ་པོ་བཟོས་པ་སྟེ། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་དང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེས་མའི་འཆི་ཚད་དང་། ཕྲུ་གུ་དམར་འབྱར་གྱི་འཆི་ཚད། ལོ་ལྔ་མན་གྱི་བྱིས་པའི་འཆི་ཚད་བཅས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བར་ཆག་པ། འགོས་ནད་ཕོག་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མན་དུ་ཚོད་འཛིན་ཐུབ་པ། མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་འཕྲོད་བསྟེན་འགྲོ་གྲོན་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་28%ཙམ་དུ་ཆག་པ་བཅས་བྱ་རྒྱུ་རེད།
          འཆར་འགོད་ནང་། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུན་ནན་དུ“ཐོག་མར་གཞི་རིམ་དུ་སྨན་བཅོས་བྱེད་པ། ཕྱོགས་གཉིས་ཀྱི་སྨན་བཅོས་བརྗེ་པོ་རྒྱག་པ། དོས་དྲག་དང་གཅོང་ནད་དབྱེ་ནས་སྨན་བཅོས་བྱེད་པ། གོང་འོག་མཉམ་འགུལ”བཅས་ལྟེ་བར་བྱེད་པ་དང་ཅུང་འཐུས་སྒོ་ཚང་བའི་རིམ་དབྱེའི་སྨན་བཅོས་དཔེ་དབྱིབས་ཆགས་པ་བྱ་རྒྱུ་དང་། རྫོང་ཁོངས་སུ་སྨན་བཅོས་ཐུབ་ཚད་90%ཙམ་ཟིན་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་80%ལ“སྐར་མ་15ཡི་ནང་སྡེ་ཁུལ་དུ་བདེ་ཐང་ཞབས་ཞུ་ཐུབ་པ”དང་50%ཡན་གྱི་གྲོང་གསེབ་ཏུ“སྐར་མ་30ཡི་ནང་གྲོང་གསེབ་ཏུ་བདེ་ཐང་ཞབས་ཞུ་ཐུབ་པ”མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།