འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་པུས་བདེན་དཔང་ལས་གཉེར་ལ"བྱེད་མི་ཆོག་པ་ལྔའི"བྱེད་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲིམས་འཛིན་པུས་《བདེན་དཔང་ལས་གཉེར་ལ“བྱེད་མི་ཆོག་པ་ལྔའི”སྐོར་གྱི་བརྡ་ཐོ་》བཀྲམ་ནས་བདེན་དཔང་ལས་གཉེར་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཞིང་། བདེན་དཔང་ལས་གཉེར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། བདེན་དཔང་ལས་གཉེར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། བདེན་དཔང་ལས་ཀའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བདེན་དཔང་གི་སྤུས་ཚད་འགན་ལེན་བྱ་ཆེད། 《བརྡ་ཐོའི་》ནང་བདེན་དཔང་ལས་གཉེར་སྔར་བས་ཞིབ་ཕྲ་དང་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་ཁག་ལྔ་བཏོན་པ་སྟེ།
         གཅིག་ནས་ཐོབ་ཐང་ངོ་མ་ཡིན་མིན་ཞིབ་དཔྱད་བྱས་མེད་པའི་བདེན་དཔང་རེ་ཞུ་བྱེད་མཁན་ལ་བདེན་དཔང་བྱེད་མི་ཆོག་པ། བདེན་དཔང་སྒྲིག་གཞི་དང་བདེན་དཔང་བས་ངེས་པར་དུ་བདེན་དཔང་རེ་ཞུ་བྱེད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། མི་གཞན་ཡིན་ཁུལ་དང་། ལག་ཁྱེར་རྫུན་བཟོ། བདེན་དཔང་ལག་ཁྱེར་གཡོ་ལེན་བཅས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲིའི་མཇུག་འབྲས་ཤོད་པ། ལག་ཁྱེར་ཞིབ་བཤེར་དང་། ལོགས་སུ་གླེང་མོལ། ཐོབ་ཐང་ལག་ཁྱེར་དབྱེ་འབྱེད་སོགས་ཀྱི་གོ་རིམ་འགྲིམ་མེད་པར་བདེན་དཔང་བྱེད་མི་ཆོག་པ་དང་།
         གཉིས་ནས་དངུལ་རྩའི་སྒྲིག་གཞི་མིན་པའི་མ་རྩ་མཉམ་འདྲེས་ཀྱི་གན་རྒྱར་བདེན་དཔང་བྱེད་མི་ཆོག་པ། འབྲེལ་ཡོད་དོ་དམ་བྱ་ཐབས་མ་བཏོན་གོང་བདེན་དཔང་ལས་ཁུངས་ཀྱིས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་དང་དེའི་དབར་གྱི་མ་རྩ་མཉམ་འདྲེས་ཀྱི་གན་རྒྱར་བདེན་དཔང་དང་དེ་བཞིན་དེར་བཙན་ཐབས་སྤྱད་ནས་བདེན་དཔང་བྱེད་མི་ཆོག་པ།
         གསུམ་ནས་གཏན་འཇགས་རྒྱུ་དངོས་ཀྱི་ཐག་གཅོད་དང་འབྲེལ་བ་ཡོད་པའི་མངགས་བཅོལ་ཚང་མར་བདེན་དཔང་བྱེད་མི་ཆོག་པ། བདེན་དཔང་སྒྲིག་གཞི་དང་བདེན་དཔང་བས་གཏན་འཇགས་རྒྱུ་དངོས་ཀྱི་ཐག་གཅོད་དང་འབྲེལ་བ་ཡོད་པའི་མངགས་བཅོལ་ལ་བདེན་དཔང་བྱེད་སྐབས། ངེས་པར་དུ“དོན་ཆེན་གལ་ཆེན་རེ་ལ་མངགས་བཅོལ་རེ་བྱེད་པའི”རྩ་དོན་གཞིར་བཟུང་། དོ་བདག་ལ་གཏའ་མ་མངགས་བཅོལ་དང་། བྲིན་ཚོང་། ཁང་རིན་ཚབ་བསྡུ་སོགས་ཀྱི་བཅའ་ཁྲིམས་ཀྱི་དོན་སྙིང་དང་བཅའ་ཁྲིམས་ཀྱི་མཇུག་འབྲས་བཤད་དེ་ཐེངས་གཅིག་ལ་དོན་ཚན་གལ་ཆེན་གྱི་མངགས་བཅོལ་ཚང་མར་བདེན་དཔང་བྱེད་མི་ཆོག་པ་དང་། བདེན་དཔང་ཡི་གེའི་ནང་གཏན་འཁེལ་བྱས་པའི་མངགས་བཅོལ་མེད་པ་བཟོ་མི་ཆོག་པ། མངགས་བཅོལ་བྱ་ཡུལ་གྱིས་ཁང་པ་བཙོངས་པའི་རིན་པ་ལེན་མི་ཆོག་པ་སོགས་ཀྱི་ནང་དོན་རེད།
         བཞི་ནས་ཁག་ཐེག་གི་ངོ་བོ་ལྡན་པའི་མངགས་བཅོལ་ལ་བདེན་དཔང་བྱེད་མི་ཆོག་པ། བདེན་དཔང་སྒྲིག་གཞི་དང་བདེན་དཔང་བས་གཏན་འཇགས་རྒྱུ་དངོས་ཀྱི་ཐག་གཅོད་དང་འབྲེལ་བ་ཡོད་པའི་མངགས་བཅོལ་ལ་བདེན་དཔང་བྱེད་སྐབས། ངེས་པར་དུ་རེ་ཞུ་བྱེད་མཁན་གྱི་འདོད་བློ་དངོས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་དེ་དང་མངགས་བཅོལ་བྱེད་མཁན་དབར་སྤུན་མཆེད་ཀྱི་འབྲེལ་བ་ཡིན་མིན་ལ་ཞིབ་བཤེར་བྱས་ནས་མངགས་བཅོལ་གྱི་མིང་ཁྱེར་ནས་དོན་དུ་ཁག་ཐེག་བྱེད་དུ་འཇུག་མཁན་ནམ་ཡང་ན་ཁག་ཐེག་གི་ངོ་བོ་ལྡན་སྲིད་པའི་མངགས་བཅོལ་ལ་བདེན་དཔང་བྱེད་མི་ཆོག་པ།
         ལྔ་ནས་ཞིབ་བཤེར་དངོས་མ་བྱས་པར་བདེན་དཔང་ཡི་གེ་སྤྲོད་མི་ཆོག་པ། བདེན་དཔང་སྒྲིག་གཞི་དང་བདེན་དཔང་བས་ངེས་པར་དུ་ཚད་གཞི་སྔར་བས་མཐོ་བའི་ཞིབ་བཤེར་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་འོས་འགན་དང་དུ་བླངས་ཏེ་ཡིག་ཐོག་གི་ར་སྤྲོད་དཔྱད་གཞིའི་ཡིག་ཆ་ཁོ་ནར་བརྟེན་ནས་འབྲེལ་གཏུག་དང་སྤེལ་རེས་ལ་སྣང་ཆུང་བྱེད་མི་ཆོག་པ་དང་། གོ་རིམ་དང་སྒྲིག་སྲོལ་ལ་སྣང་ཆེན་བྱེད་པ་ལས་ནང་དོན་དངོས་ལ་ཞིབ་བཤེར་བྱ་རྒྱུར་སྣང་ཆུང་བྱེད་མི་ཆོག་པ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།