འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་མའོ་ཧྲེང་ཡུང་གིས་འདི་ལོའི་ཟླ་1ནས་7པའི་བར་དམིགས་ཚད་གཙོ་བོ་འཕར་ཚུལ་ལོ་གོང་མའི་དུས་མཚུངས་ལས་མངོན་གསལ་དོད་པོས་ལེགས་པ་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་6.8%འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་བསྡུར་གྲངས་8.3%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་8.3%འཕར་བ་བཅས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4དང་། བརྒྱ་ཆའི་གྲངས་0.1 བརྒྱ་ཆའི་གྲངས་0.2བཅས་མགྱོགས་སུ་ཕྱིན་ཡོད་པ་རེད།
         མའོ་ཧྲེང་ཡུང་གི་ངོས་འཛིན་ལྟར་ན། དེང་གི་ཀྲུང་གོའི་དཔལ་འབྱོར་མདོར་བསྡུས་ན། “བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་རྣམ་པ་དེ་སྔར་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད”
         དམིགས་ཚད་གཙོ་བོ་བརྟན་པོའི་ངང་འཕར་བ། ཟླ་1ནས་7པའི་བར་ཐོན་སྐྱེད་ངོས་ནས་བལྟས་ན། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་བའི་མྱུར་ཚད་དམ་ཡང་ན་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་བསྡུར་གྲངས་གང་ཡིན་ཡང་ཚང་མ་བརྟན་པོའི་ངང་འཕར་བའི་རྒྱུན་འཁྱོངས་ཐུབ་ཡོད། དགོས་མཁོ་ཕྱོགས་ནས་བལྟས་ན། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་10.4%འཕར་བ་དེ་ལོ་སྟོད་དང་མཉམ་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ལོ་གོང་མའི་དུས་མཚུངས་ལས་མགྱོགས་པ་ཡོད་པ་རེད།
        ལས་ཞུགས་ཀྱི་རྣམ་པ་བརྟན་ཐོག་ཡར་འཕེལ་ཡིན་པ། ཟླ་7པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་སུ་བརྟག་དཔྱད་བྱས་རྗེས་ལས་ཀ་ཤོར་ཚད་མུ་མཐུད་5%ལས་དམའ་བ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་རྗེས་ལས་ཀ་ཤོར་ཚད་5.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་དམའ་བ་ཡོད། ཟླ་1ནས་7པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་855གསར་འཕར་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་ཁྲི་20འཕར་ཡོད་པ་རེད།
         ཟོག་གོང་གི་རྣམ་པ་སྤྱི་ཡོངས་ནས་བརྟན་པོ་ཡིན་པ། ཟླ་7པར་CPI ཟླ་གོང་མ་ལས་0.1%འཕར་བ་དེ་དུས་མཚུངས་ལས་1.4%འཕར་ཡོད། PPIདུས་མཚུངས་ལས་5.5%འཕར་བ་དེ་ཟླ་5པ་དང་6པ་དང་མཉམ་ཡོད། ཐོན་སྐྱེད་ཁྱབ་ཁོངས་དང་འཛད་སྤྱོད་ཁྱབ་ཁོངས་ཀྱི་རིན་གོང་ཚང་མ་བརྟན་པོ་ཡིན་པ་དེ་ཐོག་ནས་ཁྲོམ་ར་ཡོངས་ཀྱི་མཁོ་སྤྲོད་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། རྒྱུན་ཆད་མེད་པར་དོ་མཉམ་ཡིན་པ་ར་སྤྲོད་བྱས་ཡོད།
         ཁྲོམ་རར་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཟླ་བ་7པར་PMI51.4%ཡིན་ཞིང་། འདི་ལོ་ཚུན་ཟླ་བ་ཁག་གི་PMI51%ནས་52%བར་གྱི་རྒྱ་སྐྱེད་བར་ཁོངས་སུ་གནས་ཡོད། ཟླ་བ་7པར་བཟོ་སྐྲུན་ལས་རིགས་མིན་པའི་ཚོང་དོན་བྱེད་སྒོའི་བསྡུར་གྲངས་54.5%ཡིན་ཞིང་། འདི་ལོ་ཚུན་དམིགས་ཚད་ཚང་མ་54%ཡན་གྱི་རྒྱ་སྐྱེད་བར་ཁོངས་སུ་གནས་ཐུབ་པ་བྱས་ཡོད། ཟླ་7པར་འཛད་སྤྱོད་པའི་ཡིད་ཆེས་བསྡུར་གྲངས་ནི་114.6ཡིན་པ་དེ་ཟླ་གོང་མ་ལས་སླར་ཡང་1.3མཐོ་རུ་ཕྱིན་ཡོད།
         ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་པ། ཐོན་སྐྱེད་ལ་བལྟས་ན། ཟླ་7པར་ལག་རྩལ་མཐོ་བའི་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་མུ་མཐུད་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བ་དང་འཕར་བའི་མྱུར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བའི་མྱུར་ཚད་ཀྱི་བརྒྱ་ཆའི་གྲངས་5.7དང་4.3སོ་སོ་ལས་མཐོ་བ་ཡོད། མ་འཇོག་ལ་བལྟས་ན། ཟླ་1ནས་7པའི་བར་བཟོ་སྐྲུན་ལས་རིགས་སུ་ལག་རྩལ་སྒྱུར་བཀོད་མ་འཇོག་དུས་མཚུངས་ལས་10.3%འཕར་བ་དང་འཕར་བའི་མྱུར་ཚད་བཟོ་སྐྲུན་ལས་རིགས་ཡོངས་ཀྱི་མ་འཇོག་ལས་བརྒྱ་ཆའི་གྲངས་5.5མཐོ་བ་ཡོད། དེས་བཟོ་སྐྲུན་ལས་རིགས་ཡོངས་ཀྱི་མ་འཇོག་ནང་ནས་བསྡུར་གྲངས་45.6%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3མཐོ་རུ་ཕྱིན་པ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་གི་སྐུལ་ཁྲིད་ནུས་པ་ཆེ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།