འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2030ལོར་སླེབས་སྐབས་རང་རྒྱལ་གྱི་བདེ་ཐང་ཞབས་ཞུའི་ལས་སྒོའི་སྤྱིའི་གཞི་ཁྱོན་སྒོར་
    དུང་ཕྱུར་ཁྲི་16ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འཆར་ཅན་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “བདེ་ཐང་ཀྲུང་གོ”འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད། རང་རྒྱལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ་དང་། བདེ་ཐང་འགན་ལེན་གྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་ཁོར་ཡུག་བསྐྲུན་པ། བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་རེད། 2030ལོར་སླེབས་སྐབས་རང་རྒྱལ་གྱི་བདེ་ཐང་ཐོན་ལས་གཞི་ཁྱོན་ཆེ་རུ་མངོན་གསལ་དོད་པོ་འགྲོ་རྒྱུ་ཡིན་ལ། བདེ་ཐང་ཞབས་ཞུའི་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་16ཟིན་གྱི་རེད།
         “བདེ་ཐང་ཐོན་ལས་ཁྱབ་ཁོངས་མང་པོར་ཁྱབ་པ་མ་ཟད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་ཡང་ཁྱབ་ཡོད། ཐོན་ལས་འཁོར་ཐག་རིང་བ་དང་། ཟུར་བསྣན་རིན་ཐང་མཐོ་བ། གསར་དར་ཐོན་ལས་མང་བ། ལས་ཞུགས་ཐུབ་ཚད་ཆེ་བ་བཅས་ཡོད། རང་རྒྱལ་གྱིས“སྲིད་ཇུས་ལྷུག་གཏོང་དང་། དོ་དམ་བྱེད་པ། ཞབས་འདེགས་ཞུ་བ་བཅས་གསུམ”མུ་མཐུད་སྒྱུར་བཅོས་གཏིང་ཟབ་དང་། སྤྱི་ཚོགས་ཐོག་གི་མི་སྣས་སྨན་ཁང་འཛུགས་པའི་སྲིད་ཇུས་དང་བྱེད་ཐབས་ལེགས་གཏོང་དང་ལྷག་པར་དུ་བདེ་ཐང་ཐོན་ལས་ཀྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུའི་ཐད་འབད་བརྩོན་ཧུར་ཐག་བཅས་བྱས་ཏེ་བདེ་ཐང་དང་རྒན་གསོ་དང་། ཡུལ་སྐོར། དྲ་སྦྲེལ། ལུས་སྦྱོང་སྤྲོ་གསེང། བཟའ་བཅའ་སོགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྨན་བཅོས་བདེ་ཐང་ཐོན་ལས་འཕེལ་རྒྱས་ཐད་ཕན་ནུས་ཆེ་ལ་གོ་རིམ་ལྡན་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་འཆར་འགོད་དང་ཆ་འཕྲིན་སིའི་སི་ཀྲང་ཧོའུ་ཡན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།