འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་མི་སྤྱིར་རོགས་སྐྱོར་བྱེད་པའི་རེས་སྐོར་གསར་པའི་
    ལས་དོན་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་མི་སྤྱི་པུས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་མཚོ་སྔོན་གྱི་མི་སྤྱིར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་6གི་མི་སྤྱི་སྡེ་ཚན་གྱི་ཚོགས་ཞུགས་འཐུས་མིས“ལོ་ལྔ་ཚན་བཅུ་གསུམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་ཀའི་བྱེད་ཐབས་བཏོན་པ་དང་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་6གི་མི་སྤྱི་ཐིང་(ཅུས)རོགས་སྐྱོར་བྱ་ཡུལ་ཀྲོའུ་དྲུག་གི་སྲིད་གཞུང་བཅས་ཕྱོགས་གསུམ་པོས་《མི་སྤྱི་འགན་སྲུང་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གྲོས་མཐུན་ཡི་གེ་》སོ་སོར་བཞག་པ་ལས་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་མི་སྤྱི་ལས་དོན་ལ་རོགས་སྐྱོར་བྱེད་པའི་རེས་སྐོར་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད།
            མི་སྤྱི་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མི་ཐང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མི་སྤྱི་པུའུ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱོགས་བཞིའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་ལས་ཞུགས་སྔར་བས་གང་ལེགས་དང་སྤུས་ཚད་དེ་བས་མཐོ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ལས་ཞུགས་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་བར་རོགས་རམ་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་འགན་ལེན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་ཡོངས་ཁྱབ་ཡོང་བར་སྐུལ་འདེད་གཏོང་བ། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་འགོད་དང་ལས་རྨས“གཅིག་གྱུར་འཆར་འགོད”ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་འགན་བཅོལ་ཐོབ་ཐང་ལེགས་སུ་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་འགན་སྲུང་ཞབས་ཞུ་དེ་བས་ལེགས་པ་བྱ་རྒྱུ་ཡིན་པ་རེད།
             དེ་དང་ཆབས་ཅིག་ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་ཤེས་བྱ་གསར་བརྗེའི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། བོད་རིགས་ས་ཁུལ་གྱི་གཞུང་ལས་པ་གསོ་སྦྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གཟིགས་སྐྱོང་བྱེད་པ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣས་བརྒྱ་ཆ་་བཟུང་ཚད་སྔར་བས་མཐོ་རུ་གཏོང་བ། བབ་བསྟུན་གྱི་ལས་བྱེད་པ་འདེམས་བསྐོའི་ཚད་གཞི་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་དང་། མི་སྤྱིའི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་དང་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་མི་སྤྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”ཁ་གཏད་རོགས་སྐྱོར་འཆར་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྤྱི་ཁྱབ་ཁོངས་ཀྱི་རོགས་སྐྱོར་རྣམ་གྲངས་39“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར་5.33ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།