འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་
    ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཆག་སྒོ་ཡང་ཡང་སློང་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་
ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཆག་སྒོ་ཡང་ཡང་སློང་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། དགུང་ལོ་50སླེབས་པའི་འབྲོག་མོ་ཚེ་བརྟན་སྒྲོལ་མ་ནི་ལོ་ཆུང་སྐབས་ནས་བྱང་ཐང་མཐོ་སྒང་དུ་ཕྱུགས་འཚོ་བར་དགའ་པོ་ཡོད་མོད། འོན་ཀྱང་ཉེ་བའི་ལོ་འགའ་ལ་ཁོང་མོའི་སྣང་བར་སྐྲག་སྣང་ཅུང་ཙམ་སྐྱེས་པར་གྱུར་པ་རེད། རྒྱུ་མཚན་ནི་དྲེད་མོང་དང་སྤྱང་ཀི འབྲོང་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་བྱ་ཡུལ་ཡིན་པའི་སྲོག་ཆགས་འདི་དག་གིས་དུས་ཚོད་ངེས་མེད་ལ་བཙན་འཛུལ་ཟིང་སློང་བྱེད་པར་ཡོང་གི་ཡོད་པས། ཕྱུགས་རིགས་ལ་གནོད་འཚེ་གཏོང་བཞིན་ཡོད་པ་མ་ཟད། སྐབས་རེར་འབྲོག་པའི་ཚེ་སྲོག་ལའང་འཇིགས་སྐུལ་བྱེད་བཞིན་ཡོད་པ་རེད། ཚེ་བརྟན་སྒྲོལ་མ་དང་ཁོང་མོའི་རོགས་པ་ཚོས་ཕྱུགས་འཚོ་བའི་རྩྭ་ར་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཀྱིལ་དབུས་ཡིན་པ་དང་། སྲུང་སྐྱོང་ཁུལ་འདི་ལ"མིའི་རིགས་འཚོ་གནས་བྱ་ཐབས་བྲལ་བའི་ས་ཁུལ"ཞེས་འབོད་ཀྱི་ཡོད་ཅིང་། དེ་རུ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི་5000ཡན་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་29.8ཡོད་པས། དེ་ནི་འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་དང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་སྐམ་སའི་སྐྱེ་ཁམས་མ་ལག་རང་བྱུང་སྲུང་སྐྱོབ་ཁུལ་རེད།
    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་
ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་ཆག་སྒོ་ཡང་ཡང་སློང་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།