འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རྒྱ་སྐད་གཉིས་ཀྱི་གློག་བརྙན་《དམག་འཛུགས་མཛད་མཆོག་》ལྷ་ས་གྲོང་ཁྱེར་དུ་
    གཟིགས་འབུལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རྒྱ་སྐད་གཉིས་ཀྱི་གློག་བརྙན་《དམག་འཛུགས་མཛད་མཆོག་》ལྷ་ས་གྲོང་ཁྱེར་དུ་
གཟིགས་འབུལ་ཞུས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་གྱི་སྔ་དྲོར། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུའི་སྔུན་བསུས་པ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོའི་གློག་བརྙན་མ་རྐང་ཚད་ཡོད་ཀུང་སིས་ཕབ་སྐྲུན་བྱས་པའི་གློག་བརྙན་རྒྱལ་ཁབ་བཙུགས་པའི་གློག་བརྙན་བརྩམས་ཆོས་གསུམ་གྱི་ཡ་གྱལ་《དམག་འཛུགས་མཛད་མཆོག་》བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟིགས་འབུལ་ཞུས་པ་རེད།
           མཚམས་སྦྱོར་བྱས་པར་གཞིགས་ན། གློག་བརྙན་དེ་ནི་བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་སྒྲ་སྦྱོར་གློག་བརྙན་ཐོག་མ་ཡིན་པ་རེད། 《དམག་འཛུགས་མཛད་མཆོག་》ཏུ་རྒྱལ་ནང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་མང་པོ་ཞིག་ཡོད་ལ། རྣམ་པ་རྒྱ་ཆེ་ལ་རྔམ་བརྗིད་ལྡན་པས། རྒྱལ་གཅེས་རིང་ལུགས་ཀྱི་བརྩམས་ཆོས་ཆེན་པོ་ཞིག་ཏུ་བརྩིས་ཆོག་པ་རེད། བོད་སྐད་སྒྲ་སྦྱོར་ནི་བོད་ལྗོངས་གློག་བརྙན་ཀུང་སིའི་ཕུལ་བྱུང་སྒྲིག་སྦྱོར་འཁྲབ་ཁྲིད་པར་འཁྲབ་ཁྲིད་བྱེད་ཏུ་བཅུག་ཡོད་ལ། སྒྲ་སྦྱོར་དང་སྒྲ་ཕབ་པ། མཉམ་བསྲེས་སྒྲ་ཕབ་སོགས་ཀྱི་ལས་ཀ་ནི་བོད་ལྗོངས་ཀྱི་སྒྱུ་རྩལ་དང་ལག་རྩལ་གསར་གཏོད་ཕུལ་བྱུང་ན་གཞོན་དར་མ་ཚོས་སྒྲིག་བཟོ་བྱས་པ་རེད།
          བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིའི་སྒྲ་སྦྱོར་སྒྲིག་བཟོ་འཁྲབ་སྟོན་པ་ཕུར་བུ་བཀྲ་ཤིས་ཀྱིས"ད་ཐེངས་ང་རང་མའོ་ཙེ་ཏུང་གི་སྒྲ་སྦྱོར་བྱེད་སྐལ་ཐོབ་པ་འདི་ནི་ཧ་ཅང་གཟི་བརྗིད་ཆེ་བ་ཞིག་རེད། སླད་མར་བོད་མི་རིགས་ཀྱི་གློག་བརྙན་འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་བའི་རེ་སྨོན་བྱེད་བཞིན་ཡོད"ཅེས་ཟེར།
          《དམག་འཛུགས་མཛད་མཆོག་》གི་བོད་སྐད་སྒྲ་སྦྱོར་གློག་བརྙན་དུ་རྒྱ་སྐད་གློག་བརྙན་གཏམ་རྒྱུད་ཀྱི་སྙིང་བུ་དེ་བླངས་ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་སྒྲ་སྦྱོར་དང་ལོ་ཙཱར་བརྟེན་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་འཛུགས་ལོ་ཟླའི་དཔལ་འབར་དང་སྔ་རབས་ཀྱི་གསར་བརྗེའི་སྔོན་བྱོན་པའི་བརྩེ་མདངས་དེ་ཡང་བསྐྱར་དུ་མངོན་པར་བྱས་ཡོད་པ་རེད། 
          གཟིགས་མོ་བ་བསྟན་འཛིན་མཁས་གྲུབ་ཀྱིས"བོད་པ་ཞིག་ཡིན་པའི་ཆ་ནས། གློག་བརྙན་ཁང་དུ་བོད་སྐད་གློག་བརྙན་ལྟ་ཐུབ་པ་ནི་ཧ་ཅང་དགའ་སྤྲོ་སྐྱེས་པ་ཞིག་རེད། སྒྲ་སྦྱོར་འཁྲབ་སྟོན་པ་ཚོ་ནི་མི་སྣའི་གཤིས་ཀ་དང་སེམས་ཀྱི་འགྱུར་བ་གང་ཞིག་ཡིན་རུང་། ཚོད་འཛིན་ཧ་ཅང་ལེགས་པོ་བྱས་འདུག  སླད་ཕྱིན་མུ་མཐུད་བོད་སྐད་གློག་བརྙན་འདི་འདྲ་བ་མང་པོ་ཞིག་བལྟ་སྐལ་ཡོང་བ་དང་། ལྟད་མོ་བ་ཚོར་གདམ་ག་སྔར་ལས་མང་པོ་ཞིག་བྱ་རྒྱུ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད"ཅེས་ཟེར།
    ༄༅།།བོད་རྒྱ་སྐད་གཉིས་ཀྱི་གློག་བརྙན་《དམག་འཛུགས་མཛད་མཆོག་》ལྷ་ས་གྲོང་ཁྱེར་དུ་
གཟིགས་འབུལ་ཞུས་པ།
    ༄༅།།བོད་རྒྱ་སྐད་གཉིས་ཀྱི་གློག་བརྙན་《དམག་འཛུགས་མཛད་མཆོག་》ལྷ་ས་གྲོང་ཁྱེར་དུ་
གཟིགས་འབུལ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།