འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ཞོར་ཐོན་རྫས་ཚད་ལོན་ཚད་97.6%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བར། 《ཞིང་ཞོར་ཐོན་རྫས་བདེ་འཇགས་བཅའ་ཁྲིམས་》ཀྱི་གཏན་འབེབས་དང་《2017ལོའི་བཟའ་བཅའི་བདེ་འཇགས་གཙོ་གནད་ལས་དོན་བཀོད་སྒྲིག་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི་》བླང་བྱ་གཞིར་བཟུང་ལོ་སྟོད་དུ་ཞིང་ལས་པུས་དུས་ཚིགས་དང་པོ་དང་གཉིས་པར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་ཐད་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་གཉིས་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)31གི་གྲོང་ཁྱེར་ཆེ་འབྲིང་155ཡི་སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། ཕྱུགས་ཟོག ཆུའི་ཐོན་རྫས་སོགས་ཐོན་རྫས་རིགས་ཆེ་གྲས་ལྔ་ཡི་སྣ་ཁ་96ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་ཞིང་སྨན་ལྷག་འཕྲོ་དང་ཁྲིམས་འགལ་ངང་སྦྱོར་རྟ་བསྲེས་པའི་དཔྱད་གྲངས་94ལ་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། སྣ་ཁ་20823ལ་དཔེ་འཐེན་བརྟག་དཔྱད་བྱས་པ་རེད། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་དཔེ་འཐེན་བརྟག་དཔྱད་ཚད་ལོན་ཚད་97.6%ཟིན་པའི་ནང་སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། ཕྱུགས་ཟོག ཆུའི་ཐོན་རྫས་བཅས་དཔེ་འཐེན་བརྟག་དཔྱད་ཚད་ལོན་ཚད་97.0%དང་། 96.7% 98.3% 99.4% 96.0%བཅས་སོ་སོར་ཟིན་པ་དང་ཕྱུགས་ཟོག་གི“ཤ་སྣག་སྐྱེ་སྨན”དཔེ་འཐེན་བརྟག་དཔྱད་ཚད་ལོན་ཚད་99.8%ཟིན་ཏེ་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་པོ་དང་བཟང་པོ་ཡོད་པ་མངོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་པུའུ་ཡིས་ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་ས་གནས་ཁག་ཏུ་བརྡ་ཁྱབ་བཏང་ནས་ལྟ་ཞིབ་ཚད་ལེན་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་ནན་ཏན་བྱེད་པ་དང་དམིགས་ས་ཡོད་པའི་སྒོ་ནས་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་ཞིབ་དཔེ་འཐེན་བརྟག་དཔྱད་བྱས་ཏེ་ཁྲིམས་ལྟར་ཚད་མི་ལོན་པའི་ཐོན་རྫས་དང་དེ་བཞིན་ཐོན་སྐྱེད་བྱེད་མཁན་ཚན་པ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།