འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་གློག་བརྙན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཉིན་བཞིན་དམ་ཟབ་བྱུང་བ་དང་བསྟུན་རྒྱལ་ཁབ་གཉིས་པོའི་གློག་བརྙན་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཞིང་། མཉམ་ལས་བྱེད་སྟངས་ཐད་ཀྲུང་གོ་དང་ཨུ་རུ་སུའི་གློག་བརྙན་དུས་ཆེན་གཏོང་རྒྱུ་དང་ཕན་ཚུན་གློག་བརྙན་ནང་འདྲེན་བྱ་རྒྱུ་ཚུད་པ་མ་ཟད། ད་དུང་གློག་བརྙན་མཉམ་དུ་པར་ལེན་བྱ་རྒྱུ་བར་རྒྱ་སྐྱེད་གཏོང་རྒྱུ་རེད།
           ཟླ་བ་གོང་མར་མཇུག་འགྲིལ་བའི་མོ་སི་ཁོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་གློག་བརྙན་གྱི་མིང་ལ་《ཀྲུང་གོའི་ཡུལ་སྐོར་བརྗེད་ཐོ། གདོང་ལྤགས་གྱོན་མིའི་གསང་བ་》ཞེས་བརྗོད་པའི་ཀྲུང་གོ་དང་ཨུ་རུ་སུས་མཉམ་དུ་པར་ལེན་བྱས་པའི་ངོ་མཚར་ལྐོག་གྱུར་གློག་བརྙན་ལ་རྒྱ་ཁྱབ་ངང་བགྲོ་གླེང་བྱུང་ཡོད། གློག་བརྙན་དེའི་འཁྲབ་ཁྲིད་པའི་འགན་ཨུ་རུ་སུའི་སི་ཐན་ཕུའུ་ཁྲེན་ཁོས་འཁུར་བ་དང་། ཁྲེང་ལུང་དང་ཨ་ནུའོ་ཏེ་·ཧྲེ་ཝ་ཤིན་ཀེ་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་གློག་བརྙན་འཁྲབ་མཁན་ཞུགས་ཡོད་པ་མ་ཟད། ཀྲུང་གོ་གློག་བརྙན་ཚོགས་པ་ཀུང་སི་དང་ཨུ་རུ་སུ་གློག་བརྙན་ཚོགས་པས་མཉམ་འབྲེལ་ཐོག་བཏོན་པ་རེད།
         ངོ་མཚར་ཆེ་བའི་གློག་བརྙན་དེར་ཨ་སྒོར་ཁྲི་5000བཏང་བ་དང་དེ་ནི་མིག་སྔར་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུས་མཉམ་དུ་པར་ལེན་བྱས་པའི་གློག་བརྙན་ཞིག་ཡིན་པ་དང་དེའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་སྒོར་ཁྲི་2000བཏང་ནས་བཟོ་བ་དང་དྲིལ་བསྒྲགས་འགྲེམས་སྤེལ་གྱི་འགན་འཁུར་ཡོད།
         གློག་བརྙན་བཟོ་མཁན་འཁྲབ་གཞུང་རྩོམ་པ་པོ་ཨ་ལི་ཁེ་ཤེ་·པི་ཏེ་ལུའུ་ཤིན་གྱིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པས་གློག་བརྙན་དེ་ཐོག་ནས་ཨུ་རུ་སུའི་རིག་གནས་དང་། ལོ་རྒྱུས། སྲོལ་རྒྱུན་བཅས་མངོན་པ་མ་ཟད། ངོ་མཚར་ཆེ་བའི་གཏམ་རྒྱུད་ཐོག་ནས་ཀྲུང་གོའི་རིག་གནས་ཀྱི་ནང་དོན་ཡང་མངོན་པར་བྱས་ཡོད་ཅེས་བརྗོད་བྱུང་།
    མིག་སྔར་གློག་བརྙན་པར་གཞི་དེ་མོ་སི་ཁོ་དང་། ལོན་ཏོན། ཀྲུང་གོ་བཅས་སུ་པར་ལེན་བྱ་རྒྱུ་ཡོངས་རྫོགས་ལེགས་གྲུབ་ཟིན་ནས་དུས་མཇུག་གི་སྒྲིག་བཟོ་བྱེད་བཞིན་ཡོད་པ་དང་2018ལོར་ལྟད་མོ་བར་སྟོན་རྒྱུ་རེད། ཨུ་རུ་སུའི་འགྲེམས་སྤེལ་ཕྱོགས་ཀྱིས་གློག་བརྙན་དེར་རེ་བ་ཆེན་པོ་བཅོལ་བཞིན་ཡོད། ཨུ་རུ་སུ་དང་ཀྲུང་གོས་མཉམ་དུ་པར་ལེན་བྱས་པའི“རྒྱས་སྤྲོས་ཆེ་བའི་པར་གཞི”དེར་ཀྲུང་གོའི་ལྟད་མོ་བའི་དགའ་བསུ་ཐོབ་རྒྱུ་དང་ཨུ་རུ་སུར་སྤ་སེ་བྲིན་ཁ་རྒྱུག་ཆེ་ཤོས་ཀྱི་བང་རིམ་ཐོག་སླེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         ཨུ་རུ་སུའི་གློག་བརྙན་ཚོགས་པས་2015ལོར་ཀྲུང་གོ་གློག་བརྙན་ཚོགས་པ་ཀུང་སི་དང་གློག་བརྙན་མཉམ་ལས་པར་ལེན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཨུ་རུ་སུའི་གློག་བརྙན་ཚོགས་པའི་བསླབ་པ་རྒན་གྲས་ཡིན་པའི་གློག་བརྙན་བཟོ་མཁན་དང་འཁྲབ་གཞུང་རྩོམ་པ་པོ་པི་ཏེ་ལུའུ་ཤིན་གྱིས“འདས་པའི་ལོ་གཉིས་དེ་ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པའི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། ད་ཆ་ང་ཚོས་ཀྲུང་གོའི་ཁྲོམ་རར་སྔར་བས་རྒྱུས་མངའ་ལོན་པས་ཕྱོགས་གཉིས་པོས་ཕ་རོལ་པོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་རང་ངོས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱེད་ཐུབ”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།