འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁག་གི་མཐའ་བསྡུར་ལ་བོད་ཀྱི་བདམས་ཐོན་
    པ་ཚུད་ཚད་ཆེས་མང་དུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཁྱོན་47མཐའ་བསྡུར་ལ་ཚུད་པ་དེ་སྐབས་གོང་མའི་མི་གྲངས་18དང་བསྡུར་ན་ཆེས་མང་དུ་ཕྱིན་ཡོད། བོད་ཀྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་འགྲོ་ཚད་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནས་རགས་ཙམ་མངོན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་ལ་ཞུགས་མཁན་བོད་ཀྱི་མི་གྲངས་འཕར་ཡོད། ལུས་རྩལ་པ་115ཡིས་འགྲན་བསྡུར་རྣམ་གྲངས་ཁག་20ཡི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་པ་ལས་མི་47མཐའ་བསྡུར་ལ་ཚུད་ནས་སྦེ་ག་དང་། རྟ་རྩལ། མཆོང་རྒྱུག་འཕེན་གསུམ། མདའ་འཕེན། ལྗིད་འདེགས། ཐའེ་ཆོན་སྦེ་ག ཕིང་ཕང་སྤོ་ལོ། ཝང་ཆིའུ་སྤོ་ལོ། མཉེན་རྩལ་སྦེ་ག གཡོར་གྲུ་སོགས་ལུས་རྩལ་རྣམ་གྲངས་ཆེན་པོ་10ཡི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
           བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཤིན་གྱིས་ལོ་བཞིའི་རིང་བོད་ཀྱིས་རྒྱང་རྒྱུག་དང་། སྦེ་ག བྲག་འཛེག་སོགས་སྲོལ་རྒྱུན་ལེགས་ཆའི་རྣམ་གྲངས་ལ་གཞི་ཚུགས་ཏེ་གོ་རིམ་ལྡན་པའི་ངང་སྦྱོང་བརྡར་དང་གྲ་སྒྲིག་ཞིབ་ཚགས་བྱས་ནས་རྩལ་ནུས་ལྡན་པའི་ན་གཞོན་ལུས་རྩལ་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད་ཅེས་བཤད།
           འབྲིང་རྒྱུག་དང་རྒྱང་རྒྱུག་རྣམ་གྲངས་ཐད་བོད་ཀྱི་ལུས་རྩལ་པ་སྐྱེས་པ་གསུམ་དང་སྐྱེས་མ་གཉིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་བསྡུར་ལ་ཚུད་ཡོད། འདི་ནི་བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་གི་བདམས་ཐོན་པས་སྐར་གསོག་འགྲན་བསྡུར་བརྒྱུད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཐའ་བསྡུར་ལ་ཚུད་ཐེངས་དང་པོ་རེད།
           བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གི་རྩལ་ཁྲིད་པ་སྐལ་བཟང་ཚེ་རིང་གིས་ལུས་རྩལ་པ་དེ་དག་ལས་མང་ཆེ་བ་ནི་སྐབས་གོང་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྗེས་གཞི་ནས་གོ་རིམ་ལྡན་པའི་ངང་ཆེད་ལས་སྦྱོང་བརྡར་བྱས་པ་ཞིག་ཡིན་པ་དང་ཁོང་ཚོ་ཚང་མ་ལོ་ན་ཆུང་བ་དང་འགྲན་བསྡུར་ཆེན་པོར་ཞུགས་པའི་ཉམས་མྱོང་འདང་གི་མེད། འོན་ཀྱང་རྩལ་འགྲན་གྱི་སྙིང་སྟོབས་ཆེ་ལ་ལུས་རྩལ་གྱི་སྦྱངས་འབྲས་ལེགས་སུ་གཏོང་རྒྱ་ཆེན་པོ་ཡོད་པས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་བོད་ཀྱི་མཆོང་རྒྱུག་འཕེན་གསུམ་ལ་ཚད་བརྒལ་ཐུབ་པའི་རེ་བ་ཆེན་པོ་འཇལ་བ་ཡོད་ཅེས་ངོ་སྤྲོད་བྱས།
            གཞན་ཡང་། བོད་ནས་མང་ཚོགས་ཀྱི་བདམས་ཐོན་པ་54ཡིས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་རྣམ་གྲངས་8ཀྱི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་ཏེ་མི་10བྲག་འཛེག་དང་། མིག་མངས། རྒྱལ་སྤྱིའི་མིག་མངས་བཅས་རྣམ་གྲངས་ཆེན་པོ་གསུམ་གྱི་མཐའ་བསྡུར་ལ་ཞུགས་པའི་ཐོབ་ཐང་ཐོབ་ཡོད། “སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་མི་དཀྱུས་མ་དང་ཐག་ཉེ་ཤོས་དང་འགྲན་ཞུགས་ཁྱབ་ཁོངས་ཆེ་ཤོས་ཤིག་རེད”ཅེས་ཀྲང་ཤིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།