འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤྱི་པའི་གློག་གསོག་ཡོ་བྱད་ཁྲི་16ལྷག་ཟིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། 2016ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི་50.7ཟིན་ནས་ལོ་གཉིས་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་དང་། 2017ལོའི་ཟླ་བ་ལྔ་པ་བར་རང་རྒྱལ་གྱི་སྤྱི་པའི་གློག་གསོག་ཡོ་བྱད་འཛུགས་སྐྲུན་གཉེར་སྐྱོང་བྱེད་གྲངས་ཁྲི་16.1ལྷག་ཙམ་ཟིན་ནས་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཚུལ་བརྟན་པོའི་ངང་འཕར་བཞིན་ཡོད་པ་རེད། འདི་ནི་གསར་འགོད་པར་2017ལོའི་(ཧོ་ཧྥེ་)རྒྱལ་སྤྱིའི་ནུས་རྒྱུ་བསྲི་ཚགས་དང་ནུས་རྒྱུ་གསར་པའི་རླངས་འཁོར་འགྲེམས་སྟོན་ཚོགས་འདུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཀྲུང་གོ་རླངས་འཁོར་བཟོ་ལས་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞིང་ཝུའེ་ཆང་གིས་མིག་སྔར་རང་རྒྱལ་ལ་ནུས་རྒྱུ་གསར་པའི་རླངས་འཁོར་ལྡན་ཚད་ཁྲི་100.4ཟིན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལྡན་ཚད་ཀྱི་50%ཡན་བཟུང་ཡོད། 2017ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི་19.5ཟིན་པའི་ནང་ནས་གློག་འཁོར་ཁོ་ན་ཕྱིར་ཚོང་བྱེད་ཚད་ཀྱི་75%བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།