འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མི་25ལ་བོད་ལྗོངས་བཟོ་བཀོད་མཛེས་རྩལ་ཆེན་མོ་བའི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མི་25ལ་བོད་ལྗོངས་བཟོ་བཀོད་མཛེས་རྩལ་ཆེན་མོ་བའི་མཚན་སྙན་ཐོབ་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་བཟོ་བཀོད་མཛེས་རྩལ་ཆེན་མོ་བའི་མཚན་གསོལ་གཟེངས་བསྟོད་ཚོགས་ཆེན་སྐབས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་གསལ་དུ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དཀོན་མཆོག་སྐྱབས་སོགས་མི་25ལ་བཟོ་བཀོད་མཛེས་རྩལ་ཆེན་མོ་བའི་མཚན་སྙན་གནང་བ་མ་ཟད། ཁོང་ཚོས་མི་རིགས་བཟོ་བཀོད་མཛེས་རྩལ་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱས་པ་རེད།
            ཤེས་རྟོགས་བྱུང་གསལ་དུ། བོད་ལྗོངས་ཀྱི་བཟོ་བཀོད་མཛེས་རྩལ་བརྩམས་ཆོས་མང་ཆེ་བ་ནི་ས་གདན་དང་། བོད་ཆས། སྤོས། ཐང་ག མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་སོགས་མི་རིགས་ཀྱི་ལག་བཟོའི་ཐོན་རྫས་གཙོ་བོ་བྱས་པའི་མི་རིགས་ཀྱི་ལག་བཟོ་མཛེས་རྩལ་སྣ་ཁ་2000ལྷག་ཙམ་ཡོད་པ་རེད། ན་ནིང་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རིམ་པ་བཞི་པའི་མིང་གཞུང་དུ། རྒྱལ་ཁབ་རིམ་པའི་ལས་གཞི་89ཡོད་ཅིང་། ལྷ་རིས་པ་བསྟན་པ་རབ་བརྟན་སོགས་མི་71རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད། བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འགན་འཛིན་ཞུས་ཧྥེ་ཡིས། "ང་ཚོས་བཟོ་བཀོད་མཛེས་རྩལ་པ་ཚོར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ལས་རིགས་ཀྱི་གཏིང་ནུས་འདོན་སྤེལ་གྱི་རེ་བ་བྱེད་བཞིན་ཡོད"ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།