འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་འདི་ལོ་ནས་བཟུང་མིས་བཟོས་ནགས་བཟོའི་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་
    སྒོར་100མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོ་ནས་བཟུང་སི་ཁྲོན་གྱིས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོའི་མྱུག་གསོ་ནགས་བཟོའི་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་མུའུ་རེར་སྒོར་300ནས་སྒོར་400བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ཡའོ་སི་ཏན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ནགས་ལས་ཅུས། ཞིང་ལས་པུའུ་བཅས་ཀྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་ལ་གཞིགས་ནས། ཉེ་ཆར། སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ནགས་ལས་ཐིང་། ཞིང་ལས་ཐིང་བཅས་ཀྱིས་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཀྲོའུ་ལ་རྨོ་བསྐྱུར་ནགས་བཟོ་དང་རྩྭ་གསོའི་འདུ་འགོད་ཀྱི་2017ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞིའི་སྒོར་དུང་ཕྱུར་1.875གཤམ་སྤྲོད་བྱས་པའི་ནང་རྨོ་བསྐྱུར་ནགས་བཟོར་སྒོར་དུང་ཕྱུར་1.8དང་རྨོ་བསྐྱུར་རྩྭ་གསོར་སྒོར་ཁྲི་750ཟིན་པ་དང་འཛུགས་སྐྲུན་ནང་དོན་ཁོངས་སུ་རྨོ་བསྐྱུར་ནགས་བཟོ་མུའུ་ཁྲི་45དང་རྨོ་བསྐྱུར་རྩྭ་གསོ་མུའུ་ཁྲི་5ཚུད་ཡོད་པ་རེད།
         “རྒྱལ་ཁབ་ཀྱིས་2017ལོ་ནས་བཟུང་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོའི་མྱུག་གསོ་ནགས་བཟོའི་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་མུའུ་རེར་སྒོར་300ནས་སྒོར་400བར་མཐོ་རུ་གཏོང་རྒྱུ་རེད། དགོངས་དོན་དེར་གཞིགས་ནས་སི་ཁྲོན་གྱི་རྨོ་བསྐྱུར་ནགས་བཟོ་དང་རྩྭ་གསོའི་འདུ་འགོད་ཐད་ཀྲུང་དབྱང་གི་བཅད་གྲངས་ཀྱི་ཁ་གསབ་སྤྲོད་སྟངས་སྤྱད་དེ་ཁ་གསབ་ཚད་གཞི་ནི། མིས་བཟོས་ནགས་བཟོ་མུའུ་རེར་སྒོར་400དང་མིས་བཟོས་རྩྭ་འདེབས་མུའུ་རེར་སྒོར་150རེད”ཅེས་ཡའོ་སི་ཏན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།