འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་ཁུལ་གྱི“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”ཉུང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་དུ་ཁྱིམ་བདག་ཁ་ཤས་ཀྱིས་ཟླ་6པའི་ཟླ་དཀྱིལ་དུ་གསོལ་མགྲོན་ཁང་དུ་སྔོན་ནས་མངགས་པའི“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”གཅིག་རྗེས་གཉིས་མཐུད་ངང་ཕྱིར་སློག་བྱས་པ་རེད།
            རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་སློབ་འབྲིང་གི་དགེ་རྒན་ཀྲང་ཞ་ཡིས་སློབ་མ་གཉིས་ཀྱི་ཁྱིམ་བདག་གིས་བཤམས་པའི་གསོལ་སྟོན་ལ་ཞུགས་མེད། ཁོང་གིས་སློབ་མར་སྦྱངས་འབྲས་ལེགས་པོ་ཐོབ་ནས་སྔོན་བསྡུའི་ཁག་ཐེངས་ཀྱི་སློབ་ཆེན་དུ་ཚུད་པ་ནི་རང་ཉིད་ལ་ཁས་ལེན་དང་བཀའ་དྲིན་ཡག་ཤོས་འཇལ་བ་ཞིག་རེད། རྔ་པ་ཀྲོའུ་ནི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཡིན་པས་སློབ་མ་སློབ་ཆེན་དུ་སྐྱོད་པར་འགྲོ་སོང་ཆེན་པོ་གཏོང་དགོས་སྟབས་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མའི་གམ་ནས་ལྟོ་ཆས་ཐེངས་གཅིག་བཟས་ཀྱང་རང་ཉིད་སེམས་སྐྱིད་པོ་མི་འདུག་ཅེས་བཤད།
          རྔ་པ་ཀྲོའུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཏུང་ཡུང་ཕུའུ་ཡིས་རྔ་པ་ཀྲོའུ་ཡི་མི་དམངས་སེམས་རྩ་འཁོལ་བས། “དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”བཤམས་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་མཚོན་འདོད་ཡོད་མོད། འོན་ཀྱང་སྒྲིག་ཁྲིམས་ཀྱི་ཚད་ལས་བརྒལ་ཚེ་ངོ་བོ་དང་རྣམ་པ་བསྒྱུར་ནས“ངོ་སོའི་གསོལ་སྟོན”དང་། “སྡུར་རེས་བྱེད་པའི་གསོལ་སྟོན”“རྒྱུ་དངུལ་ལེན་པའི་གསོལ་སྟོན”བཅས་སུ་གྱུར་ཏེ་ཀུན་སྤྱོད་རྒྱུན་འཛིན་དང་རུལ་རྒོལ་གཙང་སྤེལ་ལས་རྒྱབ་འགལ་བྱས་ཡོད་ཅེས་བཤད།
          རྔ་པ་ཀྲོའུ་སློབ་གསོ་ཅུས་ཀྱི་འགན་འཁུར་བས“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”ལ་ཞུགས་དང་མི་ཞུགས་ཀྱི་དབང་ཆ་ཡོད། དགེ་རྒན་གྱིས་གསོལ་སྟོན་ལ་མ་ཞུགས་ཚེ“ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”གཤོམ་ཐབས་མེད་ཅེས་བཤད།
          རྔ་པ་ཀྲོའུ་འབར་ཁམས་གྲོང་ཁྱེར་གྱི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གི་སྦྱིན་བདག་གིས་སྔོན་ནས་མངགས་པའི“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”མང་པོ་ཞིག་ཕྱིར་སློག་བྱུང་། ངས་ཀྱང་བསམ་ཤེས་ཐུབ་པ་མ་ཟད་རང་འགུལ་ངང་འགྱུར་རྟེན་ཕྱིར་སློག་པ་ཡིན་ཞེས་བཤད།
          ཁྲོན་ནུབ་ས་ཁུལ་དུ་འདི་ལོ“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”ཡོངས་ཁྱབ་ངང་ཉུང་བ་དང་རྔ་པ་ཀྲོའུ་གཟི་རྩ་སྡེ་དགུ་རྫོང་དུ་སློབ་གསོའི་ཁོངས་གཏོགས་ཀྱི་ལས་ཀའི་ཚོགས་པ་དང་སྐད་འཕྲིན་ཚོགས་པའི་ཐོག་འདི་ལོ་དབྱར་ཀ་གླེང་མང་ཤོས་ནི“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”བཀག་འགོག་བྱས་པ་དེ་ཡིན་པ་དང་ལས་ཐོག་ཏུ་ཡོད་མུས་ཀྱི་དགེ་རྒན་གྱིས་རྣམ་པ་གང་རུང་གི“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”ལ་ཞུགས་རྒྱུ་ནན་འགོག་དང་སློབ་མ་དང་ཁྱིམ་བདག་གིས་ཐུགས་རྗེ་ཆེ་ཞུ་བའི་མིང་ཐོག་ནས་སྤྲད་པའི་རྒྱུ་དངུལ་དང་རིན་ལྡན་འཛིན་ལོར་སོགས་ལེན་རྒྱུ་བཀག་འགོག་བྱས་པ་རེད། རྔ་པ་ཀྲོའུ་མའོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཅུས་ཀྱིས་འཕྲིན་ཐུང་ལས་སྟེགས་བརྒྱུད་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་898ལ་འཕྲིན་ཐུང་བསྐུར་བ་དང་སྐད་འཕྲིན་དང་བོགས་གཏོང་རླངས་འཁོར་ཀྱི་LEDསོགས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕྲུ་གུར་སྦྱངས་འབྲས་ལེགས་པོ་བྱུང་བའི་དགའ་སྤྲོ་མཉམ་སྤྱོད་བྱེད་པ་དང་དུས་མཚུངས་སྒྲིག་ལམ་ལས་འགལ་མི་རུང་བའི་དྲན་སྐུལ་བྱས་པ་རེད།
          “དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”གཤོམ་པའི་ངོ་བོ་མི་འགྱུར་བ་བྱ་ཆེད། རྔ་པ་ཀྲོའུ་སྒྲིག་ཨུད་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པ་དང་། སྐད་འཕྲིན་གྱི་ཆེད་དོན་ཐེར་འདོན་གོང་ཞུའི་ལས་སྟེགས་ཤར་གཏོང་བྱས་ཏེ་མང་ཚོགས་ལ་སྒྲིག་འགལ་ངང“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”གཤོམ་པ་སོགས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན་གོང་ཞུ་བྱ་རྒྱུའི་སྐུལ་མ་བཏང་བ་རེད། ཏུང་ཡུང་ཕུའུ་ཡིས་གོ་སྐབས་དེ་དང་བསྟུན་ནས་རྣམ་པ་གྱུར་ནས་རྒྱུ་དངུལ་ལེན་པ་དང་། རྒྱས་སྤྲོས་ཆུད་ཟོས་བྱེད་པ། གཞུང་དངུལ་བཏང་ནས་གསོལ་སྟོན་གཤོམ་པ་སོགས་ཀྱི་བྱེད་སྤྱོད་ཡོད་ཚེ་རྔ་པ་ཀྲོའུ་ཡིས་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།