འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་པའི་བུད་མེད་ཅིག་གིས་ཕྲུ་གུ་འཁུར་ནས་བེར་ཤ་སྒྲུག་པའི་འཚོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་པའི་བུད་མེད་ཅིག་གིས་ཕྲུ་གུ་འཁུར་ནས་བེར་ཤ་སྒྲུག་པའི་འཚོ་བ།
            མི་དམངས་དྲ་བའི་འཕྲིན། རང་ལོ་28ལ་སོན་པའི་རྣམ་རྒྱལ་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོ་ནས་ཡིན་ལ། ས་གནས་དེར་བེར་ཤ་མང་པོ་ཡོད་ཅིང་། ལོ་རེའི་ཟླ་བདུན་པ་ནས་དགུ་པའི་བར་དུ་བེར་ཤ་མང་ཤོས་ཀྱི་དུས་ཡིན་པས། ས་གནས་དེ་གའི་བོད་པ་ཚོས་དུས་རྒྱུན་གྱི་ལས་ཀ་སོགས་བཞག་ནས་མཉམ་དུ་རི་ལ་བེར་ཤ་སྒྲུག་པར་འགྲོ་བཞིན་ཡོད། ཁྱོ་ག་མེད་པའི་རྣམ་རྒྱལ་སྒྲོལ་མ་དང་ཁོ་མོའི་ཨ་མ་གཉིས་ལ་མཚོན་ན། ལོ་གཅིག་ལ་སོན་པའི་ཕྲུ་གུ་རྒྱབ་ཏུ་ཁུར་ནས་ཉིན་རེ་བཞིན་རི་ལ་བེར་ཤ་སྒྲུག་པར་འགྲོ་རྒྱུ་ནི་ལས་ཀ་གཙོ་བོ་ཞིག་རེད།
            ཁོང་ཚོས་ཉིན་རེར་སྒྲུག་པའི་བེར་ཤ་ནི་སྒོར་120ཡས་མས་ལ་འཚོང་ཐུབ་བཞིན་ཡོད་ལ། ལོ་གཅིག་གི་རིང་ལ་བེར་ཤ་བཙོངས་པ་ལས་ཡོང་འབབ་སྒོར་ཁྲི་གཅིག་ཡས་མས་ཡོང་གི་ཡོད་པ་རེད། ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་1.5ཡང་མེད་པའི་རྣམ་རྒྱལ་སྒྲོལ་མ་ཚང་ལ་མཚོན་ན། བེར་ཤ་སྒྲུག་རྒྱུ་ནི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་དེ་ཡིན་པ་རེད།
           རྣམ་རྒྱལ་སྒྲོལ་མས་ཉིན་གཉིས་རིང་བེར་ཤ་བསྒྲུགས་པ་ཚང་མ་སྒོར་260བྱས་ཏེ་འཚོང་ཐུབ་ཡོད་པས། ཁོ་མོའི་ངོ་གདོང་ལ་འཛུམ་གྱིས་ཁེངས་ཡོད་པ་རེད། བེར་ཤ་ནི་རང་བྱུང་གི་ཟས་རིགས་རྩ་ཆེན་ཞིག་ཡིན་ལ། ཤྭ་མོའི་རྒྱལ་པོ་ཞེས་པའི་མིང་ཐོགས་ཡོད། ཡུན་ནན་ཞིང་ཆེན་གྱི་སེམས་ཀྱི་ཉི་ཟླ་རྫོང་ནི་བེར་ཤ་ཐོན་ཁུལ་གཙོ་བོ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་ཐོན་ཁུལ་བསྡོམས་འབོར་ལས་70%ཟིན་ཡོད་པ་རེད།
    【1】  【2】  【3】
    ༄༅།།བོད་པའི་བུད་མེད་ཅིག་གིས་ཕྲུ་གུ་འཁུར་ནས་བེར་ཤ་སྒྲུག་པའི་འཚོ་བ།
    ༄༅།།བོད་པའི་བུད་མེད་ཅིག་གིས་ཕྲུ་གུ་འཁུར་ནས་བེར་ཤ་སྒྲུག་པའི་འཚོ་བ།
      

    ཕྱོགས་བསྡུས་གསར་འགྱུར།