འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན། རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མཉམ་སྡེབ་ཀྱི་ནགས་ས་མུའུ་དུང་ཕྱུར་27.05ཡི་བདག་དབང་གཏན་འཁེལ་བྱུང་བར་ནགས་དབང་ལག་ཁྱེར་དུང་ཕྱུར་1.01སྤྲད་པ་དང་། བདག་དབང་ཁ་གསལ་དང་ཐེམ་དུད་ཀྱིས་འགན་གཙང་ལེན་པའི་སྒྱུར་བཅོས་ལས་འགན་སྤྱིར་ལེགས་གྲུབ་བྱུང་ཡོད། ནགས་ས་བརྒྱུད་བཤུག་དང་། ནགས་དབང་གཏའ་འཇོག་དངུལ་བུན། ནགས་ཚལ་འགན་བཅོལ་བཅས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མཉམ་སྡེབ་ཀྱི་ནགས་ལས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
         ནགས་དབང་ལམ་ལུགས་སྒྱུར་བཅོས་བྱས་ནས་སྣོད་བཅུད་མཛེས་པ་དང་མི་སེར་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་ནུས་ལྡན་བྱུང་ཞིང་། ནགས་ཚལ་སྔོ་འགྱུར་མང་དུ་དང་སྤུས་ཚད་མཐོ་རུ་བཏང་ནས་རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་གཙང་བཤེར་བྱས་པའི་འབྲས་བུ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་མཉམ་སྡེབ་ནགས་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་27.37ཟིན་པ་དང་མཉམ་སྡེབ་ནགས་ཚལ་དང་ཤིང་ནགས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་54.25ཟིན་པ་དང་། ཞིང་པར་འབབ་འཕར་དང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་དུད་ཚང་ལ་རི་བགོས་ནས་ཞིང་དུད་དུང་ཕྱུར་1ལྷག་ཙམ་གྱི་དུད་ཚང་རེར་ཆ་སྙོམས་ནགས་ཚལ་ཐོན་ཁུངས་ལས་མ་རྩ་སྒོར་ཁྲི་10ཙམ་བྱུང་ཁར་མཉམ་སྡེབ་ནགས་ལས་དཔལ་འབྱོར་གྱི་སྣེ་ཁྲིད་འོག་རྒྱལ་ཡོངས་ནགས་ལས་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོར་འཕར་ཚད་20%ཟིན་པ། ནགས་ལས་ཀྱི་མ་འཇོག་དང་མ་རྩ་མཉམ་བསྡུར་སྐུལ་འདེད་བཏང་ནས་2016ལོའི་རྒྱལ་ཡོངས་ཀྱི་ནགས་དབང་གཏའ་འཇོག་གི་དངུལ་བུན་ཁྱོན་སྒོར་དུང་ཕྱུར་3000ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།